国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ ཡར་ཐོན་བྱ་གཞག་ལ་བསྐུལ།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བར་གཙོ་ཕྱོགས་སུ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མཉམ་འདྲེས་ཟབ་མོ་བྱས་ནས་མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱིས་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་ལེགས་སྐྱོང་གི་ཕན་འབྲས་དེ་མི་རིགས་མཐུན་སྒྲིལ་ལ་བསྐུལ་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བ་རྒྱུན་འཁྱོངས་ཏེ། སྤྱོད་ཚུལ་ནན་པོར་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་མཉམ་སྒྲིལ་ཧུར་ཐག་བྱས་པ་རེད།

གཅིག་ནས་མྱུར་སྒྲུབ་ལ་བརྟེན་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ་དུད་ཚང་དང་སེམས་པ་གཅིག་མཐུན་གྱིས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་པ་དང་། གཉིས་ནས་དངོས་སྒྲུབ་ལ་བརྟེན་ནས་དམངས་འཚོར་ཕན་བཏགས་ཏེ་དཀའ་ངལ་སེལ་བ་དང་དམངས་སེམས་གསོས་ཡོད། གསུམ་ནས་དཀའ་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ལས་ཡུལ་བརྟན་སྲུང་དང་རྨང་གཞི་བརྟན་དུ་བཏང་ཡོད། བཞི་ནས་ཐབས་སྒྲུབ་ལ་བརྟེན་ནས་ཡར་རྒྱས་ཡོང་བར་སྐུལ་བ་དང་བླ་སྐྱོང་རོགས་འདེགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)