国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆར་ཤུལ་གྱི་དབྱར་དུས།

སྤྲིན་དཀར་གྱི་གསེབ་ནས་ཉི་འོད་དལ་གྱིས་བུད་བྱུང་།

ཆར་ཤུལ་གྱི་རྩྭ་ཐང་དུ་འཇའ་ཡི་གུར་ཆུང་ཕུབ།

མེ་ཏོག་ཟིལ་བ་ཁྲོམ་ཁྲོམ་འདབ་མ་འོད་དཀར་ཀྲིག་ཀྲིག།

ཆར་ཤུལ་གྱི་དབྱར་དུས་མིག་ཟུང་གི་དགའ་སྟོན་ཡིན་ངེས།

ཆུ་མོ་ལྷང་ལྷང་སྨད་ནས་སྨད་དུ་བཞུར།

དྲོད་འཇམ་རླུང་བུས་སྡོང་པོའི་སོར་མོ་དཀྲོལ།

ཕྱེ་ལེབ་དང་རྐང་དྲུག་གིས་གཤོག་གླུ་དལ་གྱིས་སྒྲོག།

ཆར་ཤུལ་གྱི་དབྱར་དུས་ལ་སྙན་པའི་དབྱངས་རྟ་མོད།

མཐོ་ལྗོངས་གངས་ཀྱི་རི་བོར་གསེར་གྱི་ཉི་གཞོན་འཚེར།

ཡངས་མོ་མཚོ་དང་མཚོའུ་ལ་དངུལ་གྱི་ཟླ་འོད་འཆར།

དཀར་དམར་མེ་ཏོག་གི་འདབ་མ་ཕྱོགས་སུ་གྲོལ།

ཆར་ཤུལ་གྱི་དབྱར་དུས་སེམས་ཀྱི་ངལ་གསོ་ཡིན་ངེས།

༼ སྨྱུག་ཞེན། ༽