ཉེ་ཆར། ཇོ་མོ་གླང་མའི་འདབས་སུ་གནས་པའི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་གྲོང་རྡལ་དཔའ་གསུམ་གྲོང་སྡེའི་ཡུལ་མི་ཚོས་ལོ་གཅིག་གི་སྲོལ་རྒྱུན་འོང་སྐོར་དུས་ཆེན་བསུས་པ་རེད། འོང་སྐོར་དུས་ཆེན་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་ལོ་ལེགས་དུས་ཆེན་ཞིག་རེད། དུས་ཆེན་གྱི་ཉིན་དེར་ཡུལ་མི་ཚོ་མཉམ་དུ་འཛོམས་ནས་རྟ་རྒྱུག་དང་སྲོལ་རྒྱུན་གྱི་གླུ་གར་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་ནས་སྤྲོ་བ་ཆེན་པོས་དུས་ཆེན་རོལ་བ་རེད།།
