( པར་ངོས་དང་པོར་མཐུད།)
ཚོགས་འདུར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བེད་མེད་དུ་ལུས་པའི་ཕན་ནུས་ཆུང་བའི་རྒྱུ་ནོར་དང་ཐོན་ཁུངས་གང་འགབ་ཅི་སྤྱོད་ཀྱི་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་ཡང་དག་པ་བྱས་ཏེ། སྡོད་མི་ཚུགས་པ་དང་སྒུག་མི་ཐུབ་པ། དལ་མི་རུང་བ་བཅས་ཀྱི་དགོས་གཏུག་ཆེ་བའི་འདུ་ཤེས་འཛིན་པ་དང་།གནས་ཚུལ་དངོས་ཤེས་རྟོགས་བྱེད་པ་དང་ཐབས་ཤེས་དངོས་བཏོན་པ། ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་མ་རྩར་བསྒྱུར་གང་ཐུབ་བྱས་ནས་དཀར་མཛེས་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རོགས་རམ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།
ཚོགས་འདུར་གཅིག་ནས་རྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་ཟུར་བཙུགས་རྩིས་ཁྲ་བཟོས་ནས་ཕུགས་ནོར་ཁྱོན་ཡོངས་ནས་གསལ་པོར་བཟོ་དགོས་པ་དང་། གཉིས་ནས་ཐབས་ལམ་ལེགས་སུ་གཏོང་བ་དང་གནད་སྨིན་ཇུས་འདོན་བྱས་ཏེ་ཁྲལ་འཇལ་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་བར་རིགས་དབྱེ་གང་འགབ་ཅི་སྤྱོད་བྱ་དགོས། གསུམ་ནས་མཉམ་ཤུགས་གཅིག་སྒྲིལ་དང་དཀའ་སེལ་འགག་སྒྲོལ་བྱས་ཏེ་ས་ཁོངས་ཡོངས་སུ་འཕེལ་རྒྱས་ཀྱི་ཕན་འབྲས་ཐོན་པ་བྱ་དགོས་པ་དང་། གང་འགབ་ཅི་སྤྱོད་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས་ཞེས་བསྟན་པ་རེད།།
( བདེ་སྐྱིད་དང་བདེ་ཆེན་གྱིས་བསྒྱུར།)
