( པར་ངོས་དང་པོར་མཐུད།)ཁོང་གིས་ཕྱོགས་གཉིས་པོས་ཐེངས་འདིའི་གན་རྒྱ་འཇོག་པའི་གོ་སྐབས་ལ་བརྟེན་ནས་ལག་གདང་དཔུང་སྦྲེལ་དང་། ཕྱོགས་གཅིག་ཏུ་ཤུགས་བརྒྱབ་ནས་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་བེད་སྤྱོད་དང་ས་གནས་དེ་གར་ཐོན་རྫས་གཞན་དུ་སྒྱུར་བ་དང་། མཁའ་དབྱིངས་སྲུང་སྐར་དང་མཁའ་དབྱིངས་འཕུར་སྐྱོད་འཕྲུལ་ཆས། ས་ངོས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་གཞི་གཅིག་ཅན་གྱི་འཚོལ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ།རི། ཆུ། ནགས། ཞིང་། མཚེའུ། རྩྭ། བྱེ་མ་བཅས་མཉམ་དུ་སྲུང་སྐྱོང་ཉམས་གསོ་དང་། བར་སྟོང་འཆར་འགོད། རྨོ་ཞིང་སྲུང་སྐྱོང་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ནས། དཀར་མཛེས་ཁུལ་གྱིས་ཐོན་ཁུངས་གསོག་ཚད་སྔར་བས་གང་འགབ་ཅི་སྤྱོད་དང་། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ལ་རོགས་རམ་བྱ་དགོས་ཞེས་རེ་བ་བཏོན་པ་རེད།
ལུའོ་ཀྲི་པོ་ཡིས་ཤིས་ཚིག་ནང་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོར་ཚོགས་པའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཐེངས་འདིའི་གན་རྒྱ་བཞག་པ་དེས་ཕན་ཚུན་བར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོས་ཕྱིན་ཆད་ལ་གོ་སྐབས་མཉམ་འཕྲོག་དང་། ལས་གཞིར་མཉམ་དུ་དམ་འཛིན། འཕེལ་རྒྱས་ལ་མཉམ་དུ་བསྐུལ་བར་སྒུལ་ཤུགས་གསར་པ་བསྣན་པ་རེད། ང་ཚོས་ཐེངས་འདིའི་གྲོས་མཐུན་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་ཚོགས་པའི་ནུས་པ་འདོན་སྤེལ་དང་དཀར་མཛེས་ཁུལ་གྱི་དགོས་མཁོར་དམིགས་ཏེ་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མཉམ་ལས་ཀྱི་རྒྱ་ཁྱོན་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་དང་ལག་གདང་སྦྲེལ་ཏེ། ཁེ་ལས་དང་ས་གནས་བར་མཉམ་ལས་ཀྱི་དཔེ་མཚོན་གསར་པ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
མཛད་སྒོར་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་ཚོགས་པའི་ཏང་ཨུའི་ཨུ་ཡོན་དང་སྤྱི་ཁྱབ་གཉེར་དཔོན་གཞོན་པ་དབྱང་མིང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཅིན་ཐེན་ཆང་གིས་ཕྱོགས་གཉིས་པོའི་ཚབ་བྱས་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་གན་རྒྱ་བཞག་པ་རེད། གྲོས་མཐུན་གཞིར་བཟུང་ཕྱོགས་གཉིས་པོས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། ས་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཉམས་གསོ། ས་གཤིས་གནོད་འཚེ་འགོག་བཅོས། གྲོང་ཁྱེར་གསར་སྒྱུར་སོགས་ཀྱི་ཐད་མཉམ་ལས་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།།
( བདེ་སྐྱིད་དང་བདེ་ཆེན་གྱིས་བསྒྱུར།)
