国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས།

ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་། ཚང་འཛོམས་གྲོས་ཚོགས་སུ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་མགྱོགས་སུ་སྐུལ་བའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཝང་ཞའོ་ཧུའེ་ཡིས་ཚང་འཛོམས་གྲོས་ཚོགས་སུ《གཏན་འབེབས(གྲོས་བསྡུར་མ་ཟིན)》སྐོར་གསལ་བཤད་གནང་།

9966_01B_202606112026ལོའི་ཟླ་བ6པའི་ཚེས10ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁྲེང་ཏུའུ་རུ་འཚོགས།

9965_01B_20260611 ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བཞིན་པ།

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྤྱི་བསྒྲགས།

( 2026ལོའི་ཟླ་བ6པའི་ཚེས10ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་གྲོས་འཆམ་བྱུང་། )

2026ལོའི་ཟླ་བ6པའི་ཚེས10ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁྲེང་ཏུའུ་རུ་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཏང་ཨུའི་ཨུ་ཡོན63དང་རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན15ཞུགས་ཡོད། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གཞི་རིམ་བློ་མཐུན་ཁག་ཅིག་དང་ཆེད་རམས་པ། འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་ཡང་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་སུ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་མགྱོགས་སུ་སྐུལ་བའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཝང་ཞའོ་ཧུའེ་ཡིས་ཚང་འཛོམས་གྲོས་ཚོགས་སུ《གཏན་འབེབས(གྲོས་བསྡུར་མ་ཟིན)》སྐོར་གསལ་བཤད་གནང་།

ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད། ཚང་མར་ངོས་འཛིན་གཅིག་མཐུན་བྱུང་དོན། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཚུན་ནས། དུས་བབ་ཛ་དྲག་ཅིང་རྙོག་འཛིང་ཆེ་བ་དང་དཀའ་ངལ་འགྲན་རྩོད་སྣ་མང་ལ་འཕྲད་པ་ན། ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་ལ་འཁྱོལ་བ་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུ་དམ་འཛིན་ཧུར་ཐག་བྱས་ཤིང་། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ནན་ཏིག་སྤེལ་བ། དཔལ་འབྱོར་འཁོར་སྐྱོད་ལེགས་ཕྱོགས་སུ་ཕྱིན་པའི་གནས་བབ་རྒྱུན་མཐུད་སྲ་བརྟན་དུ་བཏང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་སྤེལ་ཤུགས་ཆེ་རུ་བཏང་ཞིང་། གྲོང་ཡུལ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་མུ་མཐུད་ཤུགས་བརྒྱབ་པ། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་བཏང་བ། དམངས་གཙོ་ཁྲིམས་སྐྱོང་གི་སྐུལ་ཤུགས་ཆེ་རུ་བཏང་ཞིང་། དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་ལ་མུ་མཐུད་ཤུགས་བརྒྱབ་ཅིང་། ནོར་སྲིད་གཏོང་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་པ། འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བསྐྲུན་པ། དུས་བདེ་སི་ཁྲོན་འཛུགས་སྐྱོང་ལ་ཧུར་ཐག་བསྐུལ་བ། ཐོག་མཐའ་བར་གསུམ་དུ་ཏང་ནན་པོས་བསྐྱངས་བ་བཅས་བྱས་ཏེ། བྱ་གཞག་ཁག་ལ་གོང་འཕེལ་གསར་པ་བྱུང་ཡོད།

( པར་ངོས་གཉིས་པར་གཟིགས།)