国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཆུ་ལོག་འགོག་ཟོན་དང་གནོད་སེལ་སྐོར་གྱི་ཚོགས་འདུ་འཚོགས།

སྤྱི་ཟླ6པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་ཐན་འགོག་གནོད་སེལ་ལས་ཀའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཁོང་གིས་གནོད་འགོག་གནོད་སེལ་གནོད་སྐྱོབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས་ཆུ་ལོག་སྔོན་འགོག་དང་ཐན་འགོག་གནོད་སེལ་གྱི་འགོག་སྲུང་རགས་ར་བརྟན་པོར་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་གསུངས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་ཤིང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུར་ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་ཐན་འགོག་གནོད་སེལ་ལས་དོན་བཀོད་གཏོང་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། ཁུལ་གནམ་གཤིས་ཅུས་དང་། ཁུལ་ཆུ་བེད་ཅུས། ཁུལ་རང་བྱུང་ཐོན་ཁུངས་འཆར་འགོད་ཅུས། ཁུལ་འཚུབ་བསྟུན་ཅུས་དང་རོང་བྲག་རྫོང་། ཉག་ཆུ་རྫོང་། ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་བཅས་ཀྱི་འགན་འཁུར་བས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་འབྲེལ་ཡོད་ཁྱབ་ཁོངས་ལ་འཕྲད་པའི་གནས་བབ་དང་ཆུ་ལོག་སྔོན་འགོག་དང་ཐན་འགོག་གནོད་སེལ། ཉེན་མེད་ཐོན་སྐྱེད་ལས་དོན་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།

ཀྲའོ་པོ་ཡིས་བསྟན་དོན། མིག་སྔར་རང་ཁུལ་ནི་ཆུ་ལོག་སྔོན་འགོག་དང་གནོད་སེལ་གཅིག་སྡུད་འགག་སྒྲོལ་དང་། ཉེན་མེད་ཐོན་སྐྱེད་ཀྱི་གནོན་ཤུགས་ཆེ་བའི་འགག་རྩའི་དུས་བབས་སུ་སླེབས་ཡོད་པས་ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆུ་ལོག་སྔོན་འགོག་དང་ཐན་འགོག་གནོད་སེལ་ལས་ཀ་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཆེ་རུ་བཏང་ནས་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་མཐའ་འཁྱོངས་བ་དང་། བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་མཐའ་གཅིག་ཏུ་དོར་ཏེ་ཆུ་ལོག་སྔོན་འགོག་དང་། ཉེན་ཁ་ཆེན་པོ་མྱུར་སྐྱོབ། གནོད་འཚེ་ཆེན་པོ་སེལ་བ་བཅས་ལ་གཞི་ཚུགས་ནས་ནུས་ཤུགས་ཡོད་རྒུས་མངོན་མེད་རྐྱེན་ངན་སེལ་བ་དང་། ཞན་ཆ་གསབ་པ། ཉེན་ཁ་སྔོན་འགོག་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་དགོས།

( པར་ངོས་བཞི་པར་གཟིགས།)