国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉག་ཆུའི་འབབ་རྒྱུད་དུ་ལོ16རིང་ལ་ཉ་རིགས་རྩ་ཆེན་བྱེ་བ་གསུམ་ལས་བརྒལ་བ་བཏང་ཡོད།

སྤྱི་ཟླ5པའི་ཚེས28ནས29ཉིན་བར་དང་། སྤྱི་ཟླ6པའི་ཚེས5ཉིན་རྒྱལ་ཁབ་མ་འཇོག་ཚོགས་པ་ཉག་ཆུ་སྤྱི་གཉེར་ཁང་གི་ཉག་ཆུའི་དབུས་རྒྱུད་ཀྱི་སྨད་རྟིང་ལུང་ཆུ་ཤུགས་གློག་འདོན་ཁང་དང་དབྱང་ཧྥང་ལུང་པའི་ཆུ་ཤུགས་གློག་འདོན་ཁང་དུ་འབྲི་ཆུའི་སྟོད་རྒྱུད་ཀྱི་ཉ་རིགས་རྩ་ཆེན་ཁྲི57.6བཏང་བ་རེད། ད་བར་ཉག་ཆུའི་འབབ་རྒྱུད་ཡོངས་སུ་དམིགས་བསལ་དུ་ཡོད་པའི་ཉ་རིགས་སྐྱེ་འཕེལ་གཏོང་འབོར་རིམ་རྩིས་བྱས་ན་བྱེ་བ་གསུམ་ལས་བརྒལ་བ་དང་། སྐྱེ་དངོས་རིགས13ལ་ཁྱབ་པ་དང་གཏོང་འབོར་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྤྱི་ཟླ་དྲུག་པའི་ཚེས5ཡི་ཁོར་ཡུག་ཉིན་མོའི་ཉིན་དེར་ཉག་ཆུའི་འབབ་རྒྱུད་ཀྱི་གཙང་པོར་ཉ་རིགས་རྩ་ཆེན་གསོ་འཕེལ་གཏོང་བ་དེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཆུ་གློག་ལས་རིགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བཅུའི་གྲས་སུ་ཚུད་ཡོད་པ་རེད།

ཉག་ཆུ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཆེ་ཤོས་དང་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། རྒྱལ་ཁབ་མ་འཇོག་ཚོགས་པ་ཉག་ཆུ་སྤྱི་གཉེར་ཁང་གི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་བསྐུལ་ཏེ། རིམ་རྩིས་བྱས་ན་སྒོར་དུང་ཕྱུར5ཙམ་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་ཅིན་ཕིང་གི་ཀོན་ཏི་དང་། ཨེར་ཐན་གྱི་ཐུང་ཙི་ལིན། ཉག་ཆུའི་བར་རྒྱུད། ཆུ་གཉིས་མདོ། ཉ་སྐེ་སོགས་ཉ་རིགས་གསོ་འཕེལ་གཏོང་ཡུལ་ས་ཚུགས་བཞི་འཆར་འགོད་བྱས་ནས་བསྐྲུན་ཡོད་པ་རེད། ( པར་ངོས་བཞི་པར་གཟིགས།)