( པར་ངོས་གཉིས་པར་མཐུད།)
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། སྣེ་གཉིས་ཡག་པོ་འཛིན་པ་དང་བར་དུ་བདེར་བགྲོད་ཡོང་བ་རྒྱུན་འཁྱོངས་ཤིང་། རྫོང་ཁོངས་འཇུག་སྒོ་གཙོ་བོར་བྱས་ཏེ་གྲོང་ཡུལ་མཉམ་འདྲེས་ཡོང་བར་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་ཡུལ་སྡེ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཡུལ་གྲུབ་རྐྱེན་བརྗེ་རེས་འདྲ་མཉམ་དང་ཕྱོགས་གཉིས་སུ་འཁོར་ཤུགས་ཆེ་རུ་གཏོང་ཞིང་། དེང་རབས་ཞིང་སྡེ་དང་དེང་རབས་གྲོང་ཁྱེར་གཅིག་ཕན་གཅིག་རོགས་དང་མཉམ་དུ་དར་རྒྱས་ཡོང་བ་བྱ་དགོས། ཞིང་པ་གྲོང་ཁྱེར་ཞུགས་པ་དང་ཤེས་ལྡན་མི་སྣ་ཡུལ་སྡེ་ཞུགས་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་བ་དང་། མི་གཙོ་བོར་འཛིན་པའི་གྲོང་རྡལ་ཅན་གསར་པ་སྤུས་ཚད་མཐོན་པོས་སྐུལ་བ། ཡུལ་སྡེའི་ཤེས་ལྡན་མི་སྣ་འདྲེན་སྐྱོང་སྤྱོད་གསུམ་གྱི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། ཞིང་སྡེའི་ས་ཞིང་ཐོན་ཁུངས་དང་བེད་མེད་ནུས་ཆུང་རྒྱུ་ནོར་གང་འགྲིག་དེ་སྤྱོད་བྱེད་པ་དང་། ཞིང་སྡེའི་ས་ཞིང་གྲུབ་རྐྱེན་ཁྲོམ་ར་ཅན་དུ་བསྒྱུར་བཅོས་ཟབ་ཏུ་སྤེལ་ཞིང་། ཞིང་སྡེའི་ཐོན་ཁུངས་རྒྱུ་ནོར་གང་འགྲིག་དེ་སྤྱོད་ཕན་འབྲས་ཡོད་པ་བྱ་དགོས། ཞིང་ལས་ཞིང་སྡེར་མ་དངུལ་སྣ་མང་འཇོག་པའི་གནས་བབ་འཛུགས་པ་དང་། ནོར་སྲིད་སྔོན་ཐོབ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩས་ཞིང་ལས་ལ་རྒྱབ་སྐྱོར་གྱི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སྤྱི་ཚོགས་ཀྱི་མ་དངུལ་འཇོག་པ་སྣེ་ཁྲིད་དང་ཚད་ལྡན་བཟོ་དགོས། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་ཡུལ་སྡེ་སྣེ་ཁྲིད་བྱེད་པའི་རྫོང་ཁོངས་འགག་སྒྲོལ་བྱ་སྤྱོད་ལག་ལེན་བསྟར་བ་དང་། རྫོང་མཁར་གྱི་མི་འབོར་བསྡུ་ལེན་དང་ཕྱོགས་འདུས་ཐེག་ནུས་ཆེ་རུ་གཏོང་བ། རྫོང་མཁར་དང་གྲོང་རྡལ་གཙོ་བོ་མཉམ་སྐུལ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་ཞིང་། རྫོང་དང་ཡུལ་སྡེའི་བྱེད་ནུས་འབྲེལ་མཐུད་དམ་ཟབ་དང་མཉམ་ལས་གསབ་རེས་ཡོང་བ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་བའི་སྒྲིག་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏང་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་ཅིང་། ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། ཡུལ་སྡེ་དར་རྒྱས་ཀྱི་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཏང་གི་ཆབ་སྲིད་ཁྱད་ཡོན་དང་རྩ་འཛུགས་ཁྱད་ཡོན་དེ་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་བའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་དགོས། ཏང་གིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་ལས་དོན་ལ་འགོ་ཁྲིད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་མི་ལས་བྱེད་པས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་དགོས། སྡེ་ཁུལ་ཅན་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁུལ་འཆར་འགོད་གཅིག་འདོམས་འབྲེལ་མཐུད་དང་དོན་ལ་འཁྱོལ་ཤུགས་ཆེ་རུ་གཏོང་ཞིང་། སྤྱི་ཁོག་གི་འཛུགས་སྐྲུན་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏང་དགོས། གསར་གཏོད་ཀྱི་སྒོ་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་དཔྱད་གདེང་བྱེད་པ་དང་། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་བརྟན་པོར་འཆང་ཞིང་ལག་ལེན་བསྟར་བ། སྤྱོད་ཚུལ་བཟང་པོས་ཞིང་ལས་ཞིང་སྡེ་དེང་རབས་ཅན་སྐས་རིམ་གསར་པར་བསླེབ་པར་བསྐུལ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སྦྱོང་སྒྲོག་ལག་ལེན་བསྟར་བ་ནི། ད་སྔ་དང་ཕྱིན་ཆད་དུས་རིམ་ཞིག་གི་ནང་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། རིམ་ཁག་ཏང་ཨུ་དང་ཏང་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དུ་གཅིག་གྱུར་ནན་ཏིག་བྱེད་ཅིང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་དམིགས་འབེན་ལ་དམིགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་འདང་ས་ཁ་གསབ་དང་། ལེགས་ཆ་སྲ་བརྟན། ཁྱད་ཡོན་དར་སྤེལ་བཅས་བྱེད་པ། ཞིང་ལས་ལ་ཕན་འབྲས་ཐོབ་པ་དང་ཞིང་སྡེར་གསོན་ཤུགས་འཕེལ་བ། ཞིང་པར་ཡོང་འབབ་འཕར་བ་བཅས་སྐུལ་ཤུགས་ཆེ་རུ་བཏང་ནས། སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་གྱི“ཞིང་གསུམ”རྨང་གདན་རྒྱུན་ཆད་མེད་པར་བརྟན་པོར་བཟོ་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་པ་དང་། རིམ་པ་ལྔའི་ཧྲུའུ་ཅི་ཡིས་ཡུལ་སྡེ་དར་རྒྱས་ཡོང་བ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེན་དུ་སྐྲུན་པ་དང་། ཞིང་པའི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས། ཞིང་ལས་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁ་ཕྱོགས་ཡང་དག་པ་ཡིན་པ་ཁག་ཐེག་བྱ་དགོས། ཞིང་ལས་སྟོབས་ཆེན་དང་ཞིང་སྡེར་ཕན་པ། ཞིང་པ་ཕྱུག་པོར་ཡོང་བ་བཅས་མངོན་གསལ་དུ་བཟོ་བ་དང་། ཞིང་པའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་ཚོང་གཉེར་རང་བཞིན་གྱི་ཡོང་འབབ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་བཅས་བརྟན་པོར་འཕར་བར་བྱས་ཏེ། ཞིང་པ་རྒྱ་ཆེན་གྱིས་དེང་རབས་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་གང་ལེགས་ཐུབ་པ་བྱ་དགོས། བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་གཅིག་ནས་བསྒྱུར་བཅོས་དམ་དུ་བཟུང་ནས་ཕན་འབྲས་ཐོབ་པ་དང་མི་ས་དངུལ་གསུམ་གྱི་གནད་དོན་ཐག་གཅོད་ཤུགས་ཆེ་རུ་གཏང་དགོས་ཤིང་། ཕྱོགས་གཅིག་ནས་ཚན་རྩལ་གྱི་རོགས་འདེགས་ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཞིང་སྡེའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་བསླང་དགོས། ཡུལ་བབ་དང་བསྟུན་པར་མཐོང་ཆེན་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་རྨང་གཞི། སྡུར་འོས་ཁྱད་ཡོན་ལ་དམིགས་ནས། གཞི་ཁྱོན་ཅན་དང་ཞིབ་ལས་ཅན། གྲགས་རྟགས་ཅན་ལ་མཐོང་ཆེན་སྔར་བས་བྱེད་ཅིང་། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་མགྱོགས་པོར་བསྐྲུན་པ་དང་། ཡུལ་སྡེའི་འཆར་འགོད་བཀོད་བབ་དང་འཛུགས་སྐྲུན་ཚན་མཐུན་ལུགས་མཐུན་གྱིས་དམ་འཛིན་ཡག་པོ་བྱས་ཏེ། རིགས་དང་གོ་རིམ་ཡོད་པའི་སྒོ་ནས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱ་དགོས། “ཞིང་གསུམ”ལས་དོན་གྱི་མཐིལ་ཚད་བརྟན་པོར་སྲུང་བ་དང་། འབྲུ་རིགས་ཉེན་མེད་ཀྱི་མཐིལ་ཚད་དམ་པོར་སྲུང་ཞིང་། རྨོ་ཞིང་གི་སྲུང་སྐྱོང་དམར་ཐིག་དམ་པོར་སྲུང་བ། སྐྱེ་ཁམས་ཉེན་མེད་ཀྱི་མཐིལ་ཚད་བརྟན་པོར་སྲུང་བ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐིལ་ཚད་དམ་པོར་བསྲུངས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་བརྟན་པོར་བསྐྱོད་དེ་རྒྱང་རིང་བསླེབ་ཐུབ་པ་ཁག་ཐེག་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་བསྟར་བར་ད་སྔའི་ལས་དོན་ཡག་པོར་སྒྲུབ་པ་དང་ཟུང་འབྲེལ་བྱ་དགོས། བྱེད་ཐབས་སྣ་མང་སྤྱད་དེ་དཔལ་འབྱོར་བརྟན་པོར་འཕར་བ་དང་ཁྱད་ཆོས་ཁྱད་ཡོན་ཐོན་ལས་མུ་མཐུད་དེ་འཕེལ་རྒྱས་ཆེན་པོ་ཡོང་བ། བློ་རྩེ་གཅིག་བསྒྲིམས་ཀྱིས་དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པ། ཉེན་ཁ་དང་རྐྱེན་ངན་མི་མངོན་པ་འགོག་ཟོན་འདུམ་སེལ་གོ་ཆོད་པོ་བྱེད་པ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་མཐར་ཕྱིན་སྤེལ་བ། གྲོང་ཁྱེར་དང་རྫོང་། ཡུལ་ཤོག་གི་འགོ་ཁྲིད་ཚན་པ་སྐབས་བརྗེའི་ལས་དོན་གོ་རིམ་ཡོད་པ་སྤེལ་ཞིང་། དངོས་སྒྲུབ་འགན་ཁུར་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་ཐུབ་པ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཡེ་ཤེས་ཟླ་བས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱེད་པའི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་སེང་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་ཚོགས་འདུའི་སྔོན་དུ་ཡེ་ཤེས་ཟླ་བ་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་གཅོད་བྱས་པ་ལ་གཏན་འཁེལ་བཟོས་པ་རེད།
ཚང་འཛོམས་གྲོས་ཚོགས་སུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར། བློ་མཐུན་ཞུས་ཀྲི་ཝུན་དང་ཝང་ཧྲུའུ་ཅང་སི་ཁྲོན་ནས་ལས་གནས་སྤོས་པའམ་ལས་འཁྱུར་ངལ་གསོའི་དུས་ལ་སླེབས་ནས་ཞིང་ཆེན་ཏང་ཨུའི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་ཕུལ་བར་ཆོག་མཆན་སྤྲད་པ་རེད།
ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་ཅིང་། དོན་གཉེར་དངོས་སྒྲུབ་དང་། འབད་འབུངས་འབད་འཐབ་བྱས་ཏེ། ཞིང་ལས་སྟོབས་ཆེན་དང་ཞིང་སྡེ་མཛེས་པོ། ཞིང་པ་ཕྱུག་པོ་བཅས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་འབོད་སྐུལ་བྱས་པ་རེད།།
( སྐལ་ཐུབ་དང་ལྷ་འཛོམས། བདེ་སྐྱིད་བཅས་ཀྱིས་བསྒྱུར།)
