( པར་ངོས་དང་པོར་མཐུད།)
ཀྲའོ་པོ་ཡིས་ནན་གསུང་གནང་དོན། འགག་སྒོ་མདུན་སྤོ་དང་རང་འགུལ་གྱིས་དོགས་ཟོན་རྒྱུན་འཁྱོང་དགོས། གནམ་གཤིས་དང་ཆུ་དཔྱད། ས་གཤིས་སོགས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཆར་ཆུའི་གནས་ཚུལ་དང་ས་གཤིས་ཀྱི་ཉེན་ཁ་དུས་ཐོག་ཏུ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། ཉེན་ཁ་འགོག་ཟོན་དང་འཚུབ་བསྟུན་ཐག་གཅོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས། གཙོ་གནད་ལ་དམིགས་པ་དང་གནད་སྨིན་ཤུགས་འདོན་རྒྱུན་འཁྱོང་དགོས། འགག་རྩའི་ས་ཁུལ་དང་། འགག་རྩའི་དུས་སྐབས། འགག་རྩའི་ཚོགས་སྤྱི་བཅས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ལས་རེས་འགན་འཁྲི་ཏན་ཏིག་ཏུ་གཏོང་བ། སྐོར་ཞིབ་ཐེངས་གྲངས་མང་དུ་གཏོང་བ། གཙོ་གནད་ཁུལ་གྱི་གནས་གཏན་འཁེལ་དང་མི་གཏན་འཁེལ་གྱི་འགོག་སྲུང་ལམ་སྲོལ་ལག་བསྟར་ནན་པོ་བཅས་བྱ་དགོས། དང་ལེན་མགྱོགས་མྱུར་དང་བྱ་སྤྱོད་འཕྲལ་ཐག་ཆོད་པ་རྒྱུན་འཁྱོང་དགོས། སྡེ་ཚན་མང་པོའི་མཉམ་འབྲེལ་ལས་རེས་ལམ་སྲོལ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ཆ་འཕྲིན་སྦྲེལ་མཐུད་དང་། ཞིབ་འཇུག་བརྡར་གཅོད། སྔོན་བརྡ་གཏོང་བ། རིམ་སྤར་བཀོད་གཏོང་བཅས་ལ་ཤུགས་བརྒྱབ་སྟེ་ཁུལ་དབྱེ་རིམ་དབྱེ་བྱས་ནས་འབོད་སྐུལ་ལན་འདེབས་དང་། འགན་ལེན་ནུས་ལྡན་གྱི་འཚུབ་བསྟུན་མ་ལག་འཛུགས་དགོས།
ཀྲའོ་པོ་ཡིས་ནན་གསུང་གནང་དོན། གྲལ་བཤེར་གསེད་བཀྲོལ་བྱས་པའི་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཤེས་རྟོགས་དང་སྒྲུབ་གཉེར། དག་ཐེར། ཞིབ་བཤེར་རྩིས་ལེན། ཨང་བསུབ་བཅས་ཀྱི་བཀག་སྡོམ་དོ་དམ་ལམ་སྲོལ་ལག་ལེན་ནན་པོ་བསྟར་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། འགན་འཁྲི་བདའ་འདེད་ཀྱི་འབྲེལ་ཐག་ཏན་ཏིག་ཏུ་བཏང་ནས་ལས་དོན་ཁག་བཀོད་སྒྲིག་དོན་འཁྱོལ་དང་ལག་ལེན་བསྟར་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་གཏང་དགོས།
ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་ཤིང་། འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོར་ཞུགས་པ་རེད།། ( མཁས་གྲུབ་ཀྱིས་བསྒྱུར།)
