国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉག་ཆུའི་འབབ་རྒྱུད་དུ་ལོ16རིང་ལ་ཉ་རིགས་རྩ་ཆེན་ བྱེ་བ་གསུམ་ལས་བརྒལ་བ་བཏང་ཡོད།

( པར་ངོས་དང་པོར་མཐུད།)ས་ཚུགས་དེ་དག་ཉག་ཆུའི་མ་ཆུ་གསར་སྤེལ་ཆུ་ལམ་ཀུན་ཏུ་ཁེབས་ཤིང་ཁྱབ་ཁོངས་ཧྲིལ་པོ་དང་མ་ལག་ཅན་གྱི་ཉ་རིགས་གསོ་འཕེལ་སྲུང་སྐྱོང་བཀོད་བབ་ཆགས་ཡོད། མིག་སྔར་ཉག་ཆུའི་འབབ་རྒྱུད་དུ་ལོ་རེར་ཉ་རིགས་གསོ་འཕེལ་གཏོང་བའི་གཞི་ཁྱོན་ཁྲི300ལས་བརྒལ་བ་དང་རྩ་ཆེན་སྲུང་སྐྱོང་ཉ་རིགས་གཏོང་བའི་གཞི་ཁྱོན་ནི་ཆུ་གློག་ལས་རིགས་ཡོངས་ཀྱི་ཆེ་ཤོས་ཡིན་པ་རེད།

“འབབ་རྒྱུད་སྤྱི་འདོམས་དང་མི་སྣ་མཉམ་འབྲེལ། ཐོན་ཁུངས་མཉམ་སྤྱོད། ལག་རྩལ་མཐུན་སྦྱོར”བཅས་གཞི་གཅིག་ཅན་གྱི་འཁོར་སྐྱོད་ལེགས་ཆར་བརྟེན་ནས་གསོ་གཏོང་ས་ཚུགས་ཁག་གིས་རང་བརྟེན་ནུས་ཆེའི་ངང་འཁོར་གཉེར་ཐུབ་ཡོད། ལོ་མང་རིང་ཚན་ཞིབ་འགག་སྒྲོལ་བྱས་པར་བརྒྱུད་རྒྱལ་ཁབ་མ་འཇོག་ཚོགས་པ་ཉག་ཆུ་སྤྱི་གཉེར་ཁང་གིས་ལས་རིགས་མང་པོའི་ལག་རྩལ་གྱི་དཀའ་གནད་བསྟུད་མར་སྒྲོལ་བ་དང་། ས་གནས་དེ་གའི་ཉ་རིགས11འབྲེལ་ཐག་ཆ་ཚང་བའི་གསོ་སྤེལ་གནད་འགག་ལག་རྩལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་འཛམ་གླིང་རང་བཞིན་གྱི་ཉ་ལས་ཀྱི་གནོད་འཚེ་སྟེ་ཀུབ་འབུ་ཆུང་བའི་ནད་ཀྱི་སྐྱེ་ཁམས་འགོག་བཅོས་ལག་རྩལ་གྱི་ཆེད་ཁེ་ཐོབ་པ་རེད། དེའི་ནང་ལོ8རིང་བློ་རྩེ་གཅིག་ཏུ་བསྒྲིམས་ནས་འགག་སྒྲོལ་བྱས་ཏེ་ཞི་ཁྲང་གི་ཉ་དཀར་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་ལག་རྩལ་སོགས་ལས་རིགས་ཀྱི་འགག་མདོ་གཏོར་ནས་རི་སྐྱེས་ཉ་རིགས་མི་ཐབས་ལ་བརྟེན་ནས་འདུལ་གསོ་བྱས་ཏེ་ལོ་གསུམ་ཙམ་གསོན་ཐུབ་པ་བྱུང་བས་འབྲི་ཆུའི་སྟོད་རྒྱུད་ཀྱི་དམིགས་བསལ་ཉ་རིགས་གསོ་སྤེལ་ལག་རྩལ་གྱི་ཟིན་ཐོ་རྒྱུན་མཐུད་དུ་བཏོད་ཡོད།

གཞི་ཁྱོན་ཅན་གྱི་གསོ་གཏོང་ཕུད། ཉག་ཆུའི་འབབ་རྒྱུད་དུ་ཕྱོགས་ཡོངས་ཆུར་གནས་སྲོག་ཆགས་ཀྱི་འཚོ་གནས་སྐྱེ་ཁམས་སྲུང་སྐྱོང་མ་ལག་བཙུགས་ཡོད། འཚོ་གནས་བྱ་ཡུལ་སྲུང་སྐྱོང་ཐད་ཉག་ཆུའི་འབབ་རྒྱུད་དུ་སྤྱིའི་རིང་ཚད་སྤྱི་ལེ1000ལས་བརྒལ་བའི་མ་ཆུ་དང་ཆུ་ལག་གི་ཆུ་སྐྱེས་སྐྱེ་དངོས་འཚོ་གནས་ཁུལ་གཏན་ལ་ཕབ་ནས་ཉ་རིགས་འཚོ་གནས་ཀྱི་བར་མཐོངས་འགན་ལེན་བྱས་ཡོད། ཉག་ཆུའི་ནང་འབྲི་ཆུའི་སྟོད་རྒྱུད་ཀྱི་དམིགས་བསལ་ཉ་རིགས་གསོ་གཏོང་གྲངས་འབོར་རྒྱལ་ཡོངས་ཀྱི་སྔོན་དུ་སླེབས་ནས་འབབ་རྒྱུད་ཀྱི་ཉ་རིགས་ཐོན་ཁུངས་ཁ་གསབ་ནུས་ལྡན་བྱས་ཏེ་ཆུ་གློག་གསར་སྦོལ་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཡག་མོར་མཉམ་གནས་ཐུབ་པ་བྱུང་ཡོད། རྒྱལ་ཁབ་མ་འཇོག་ཚོགས་པ་ཉག་ཆུ་སྤྱི་གཉེར་ཁང་གིས་འབབ་རྒྱུད་ཀྱི་ཆུར་གནས་སྲོག་ཆགས་ཀྱི་འཚོ་གནས་སྐྱེ་ཁམས་སྲུང་སྐྱོང་ལག་རྩལ་ཞིབ་འཇུག་རྒྱུན་མཐུད་ཡང་དག་པ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ལེ་ལག་ཚང་བའི་སྒྲིག་བབ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་པོར་བསྐྲུན་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྦག་མེད་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ཆེད་སྟོབས་ཤུགས་བརྟན་པོ་འབུལ་རྒྱུ་རེད།།(ལྷ་འཛོམས་ཀྱིས་བསྒྱུར།)