国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

སྤྱི་ཟླ6པའི་ཚེས12ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་ཤིང་། རང་ཁུལ་གྱི་ལག་ལེན་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་ཚུལ་ཅན་གྱི་རོགས་སྐྱོར་ལ་སྐུལ་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏང་རྒྱུའི་སྐོར་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྒྱུན་ཚུལ་ཅན་གྱི་རོགས་སྐྱོར་ལ་སྐུལ་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏང་རྒྱུའི་ལས་དོན་ཚོགས་འདུ། ཞིང་ཆེན་ཡོངས་ཀྱིས་ཀྲེ་ཅང་ཞིང་ཆེན་གྱི“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་གནས་འཕྲོད་ལས་འཚམས་མཐུན་མཛེས་ཡུལ་སྡེ་འཛུགས་སྐྱོང་ལ་སྐུལ་བའི་ལས་ཡུལ་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་སྦྱངས་བྱས་པ་རེད།

ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། རྒྱུན་ཚུལ་ཅན་གྱི་རོགས་སྐྱོར་ལས་དོན་གྱི་འགྱུར་ལྡོག་གསར་པ་དང་བླང་བྱ་གསར་པར་སྟངས་འཛིན་ཡང་དག་པ་བྱེད་པ། རོགས་སྐྱོར་ཕན་འབྲས་ཆེ་ཞིང་གནད་ལ་སྨིན་པ་དང་དངོས་སུ་སྒྲུབ་པ་བཅས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་སྡེའི་གསོན་ཤུགས་ཆེ་རུ་སྣོན་པ། ཞིང་པའི་ཡོང་འབབ་འཕར་བ་བཅས་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ལས་ཀའི་བསམ་ཕྱོགས་དང་། ལམ་སྲོལ། བྱ་ཐབས་བཅས་ལེགས་སུ་གཏོང་བ། གཅིག་གྱུར་ཚད་ལྡན་དང་གནད་ལ་འཁེལ་བའི་དབྱེ་འབྱེད། འགུལ་ཚུལ་ལེགས་སྒྲིག་བཅས་ཀྱི་རྒྱུན་ཚུལ་ཅན་གྱི་དབུལ་པོར་བསྐྱར་ཏུ་ལོག་པར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གནད་སྨིན་དབྱེ་འབྱེད་དང་མགྱོགས་མྱུར་དང་ལེན་ལམ་སྲོལ་དོན་ལ་འཁྱོལ་བ་བཅས་བྱས་ནས་གཞི་ཁྱོན་ཅན་གྱི་དབུལ་པོར་བསྐྱར་ཏུ་ལོག་པའི་མཐིལ་ཚད་བརྟན་པོར་བསྲུང་དགོས།

( པར་ངོས་གཉིས་པར་གཟིགས།)