国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ།

ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་དང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས།

སྤྱི་ཟླ6པའི་ཚེས12ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས(རྒྱས་འཛོམས)གྲོས་ཚོགས་འཚོགས་ཏེ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་སུ་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གོམ་སྟབས་སྤོ་འགོ་བཙུགས་རྗེས་འཚོགས་པའི་གྲོས་ཚོགས་ཐེངས་དང་པོ་ཡིན་ཞིང་། དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་གསུང་བཤད་གལ་ཆེན་དང་། ཚང་འཛོམས་ཚོགས་འདུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་མགྱོགས་སུ་སྐུལ་བའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གཏན་འབེབས》“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང་ཞིང་ཆེན་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་འགན་འཁྲི་དང་ལས་འགན་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཤིང་།( པར་ངོས་གཉིས་པར་གཟིགས།)