ཉེ་ཆར་གསར་འགོད་པས་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དང་ཞིང་སྡེ་པུའུ་ཡི་ཞིང་ལས་ཐོན་རྫས་སྤུས་ཚད་ཉེན་མེད་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི2026ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གྲགས་ཅན་དང་ཁྱད་འཕགས། སྤུས་ལེགས། གསར་པ་བཅས་ཀྱི་མིང་གཞུང་ཁག་དང་པོར་རང་ཁུལ་གྱི་དམིགས་བསལ་ས་ཁོངས་ཀྱི་ཁྱད་ཆོས་དང་། སྤུས་ཚད་ལེགས་པོ། ཐོན་ལས་རྨང་གཞི་འཐུས་ཚང་བཅས་ལ་བརྟེན་ནས་ཁྱད་ཆོས་ཞིང་ལས་ཐོན་རྫས6མིང་གཞུང་དུ་ཚུད་ཡོད།
ཡོངས་བསྒྲགས་ལ་གཞིགས་ན། ཐེངས་འདིར་རྒྱལ་ཡོངས་སུ《རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གྲགས་ཅན་དང་ཁྱད་འཕགས། སྤུས་ལེགས། གསར་པ་བཅས་ཀྱི་དོ་དམ་བྱ་ཐབས》ཀྱི་གཏན་འཁེལ་བླང་བྱ་དང་མཐུན་པའི་ཐོན་རྫས་ཁྱོན་བསྡོམས635ཡོད་ཅིང་།རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གྲགས་ཅན་དང་ཁྱད་འཕགས། སྤུས་ལེགས། གསར་པ་བཅས་ཀྱི་མིང་གཞུང་དུ་འཇུག་རྩིས་ཡོད་པ་རེད། རང་ཁུལ་གྱི་ད་ཐེངས་མིང་ཐོར་ཚུད་པའི་ཐོན་རྫས་ཀྱི་གྲས་སུ་འབྲུ་སྣུམ། ཤིང་འབྲས། སྔོ་ཚལ། ཁྱད་ཆོས་ལས་སྣོན་ཐོན་རྫས་སོགས་ཚུད་ཡོད། དེའི་ནང་དར་མདོ་གྲོང་ཁྱེར་གྱི་ནས་ནག་དང་ཀུ་ཤུ། དུང་དཀར་ལུང་པའི་ལ་ཕུག། རོང་བྲག་རྫོང་གི་ཀུ་ཤུ། བྲག་འགོ་རྫོང་གི་སྟར་བུ། དཀར་མཛེས་རྫོང་གི་རྩམ་པ་བཅས་ཡོད།།
( ལྷ་འཛོམས་ཀྱིས་བསྒྱུར།)
