( པར་ངོས་དང་པོར་མཐུད།) སྤྱིའི་བླང་བྱ་དང་འཕེལ་རྒྱས་ཀྱི་དམིགས་འབེན་བཅས་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཡོད་ལ། ཞིང་ལས་ཞིང་གྲོང་དེང་རབས་ཅན་དུ་མགྱོགས་སུ་སྐུལ་བའི་དམིགས་བྱ་ཐབས་ཤེས་དང་། དོན་དངོས་བཀོལ་སྤྱོད་ཐབས་ལམ་ཡང་ཁ་གསལ་བཟོས་ཡོད། རང་རེའི་ཞིང་ཆེན་གྱིས་ཞིང་ལས་སྟོབས་ཆེན་དང་ཞིང་སྡེ་མཛེས་པོ། ཞིང་པ་ཕྱུག་པོ་བཅས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྐྲུན་པར་བྱ་སྤྱོད་ཀྱི་མཛུབ་སྟོན་གལ་ཆེན་བྱས་ཡོད།
ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་ཁྱད་ཆོས་གཙོ་བོ། གྲུབ་འབྲས་གཙོ་བོ། བླང་བྱ་གལ་ཆེན་བཅས་ཁོང་དུ་ཡང་དག་ཆུད་པར་བྱ་དགོས། སློབ་སྦྱོང་སྒྲིག་འཛུགས་ཞིབ་ཚགས་དང་དྲིལ་སྒྲོག་དང་སྒྲོག་འགྲེལ་མཐར་ཕྱིན། ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། ཤུགས་སྔར་ལས་ཆེ་བ་དང་བྱ་ཐབས་སྔར་ལས་དོན་དང་ལྡན་པས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་མགྱོགས་སུ་སྐུལ་བ་དང་། དཀར་མཛེས་དེང་རབས་ཅན་དུ་འཛུགས་སྐྲུན་གྱི་ཞིང་གསུམ་ཞབས་གདན་སྲ་བརྟན་དུ་གཏང་དགོས།
གྲོས་ཚོགས་སུ་སྟོན་དོན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་མ་སྐུལ་དང་ལེན་ངང་དམིགས་ནས་བསྒྱུར་བཅོས་གསར་སྐྲུན་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བ་དང་། དཀར་མཛེས་ཁུལ་གྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་བསམ་ཕྱོགས་དང་བྱ་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱ་དགོས་པ་དང་། ཁྱད་ཆོས་དང་གཞི་ཁྱོན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་དེང་རབས་ཞིང་ལས་སྟོབས་ཆེ་རུ་གཏང་དགོས། སྲུང་སྐྱོང་དང་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་སྡེ་བསྐྲུན་དགོས། དངོས་པོ་དང་སྙིང་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་ཐུན་མོང་ཐོག་ཕྱུག་པོར་ཆགས་རྒྱུར་བསྐུལ་དགོས། སྣེ་ཁྲིད་དང་རང་སྐྱོང་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་གྲོང་སྡེ་བཅོས་སྐྱོང་གཏིང་ཟབ་ཏུ་གཏང་དགོས་པ་རེད།།
( བདེ་སྐྱིད་དང་ཀུན་དགས་བསྒྱུར།)
