ད་ལོའི་སྤྱི་ཟླ6པ་ནི་རྒྱལ་ཡོངས་ཀྱི“ཉེན་མེད་ཐོན་སྐྱེད་ཟླ་བ”ཐེངས25པ་ཡིན་ལ། མི་ཚང་མས་བདེ་འཇགས་ལ་མཐོང་ཆེན་དང་འཚུབ་བསྟུན་གྱི་ལས་རིམ་ཤེས་པ་གཙོ་དོན་བྱས་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་བྱེད་བཞིན་ཡོད་ལ། ཉིན་ཤས་རིང་ལ་རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གིས2026ལོའི“ཉེན་མེད་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྔ་རྗེས་སུ་སྤེལ་འགོ་བཙུགས། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ“ཉེན་མེད་ཐོན་སྐྱེད་ཟླ་བའི”བྱེད་སྒོ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་རིམ་པ་བཞིན་ཉེན་མེད་ཀྱི་འགན་འཁྲི་ནན་དུ་བཏང་ནས་ཉེན་ཁ་སྣ་ཚོགས་ཤུགས་ཡོད་རྒུས་སྔོན་འགོག་དང་བསལ་བ་རེད།
ཁུལ་ཉེན་མེད་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས《2026ལོའི་ཁུལ་ཡོངས་ཀྱི“ཉེན་མེད་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེན་མེད་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཉེན་མེད་ལས་དོན་ཇུས་འགོད་བྱེད་པའི་བསམ་ཕྱོགས་དང་། ཉེན་མེད་དཀའ་གནད་སེལ་ཐབས། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ་ཚད་གཞི་དང་བསྡུར་ནས་ཉེན་ཁ་སྣ་ཚོགས་རེ་རེ་བཞིན་གྲལ་བཤེར་དང་བཅོས་སྒྲིག་མཐར་ཕྱིན་པ་བྱ་དགོས། འགན་འཁྲི་ནན་དུ་བཏང་ནས་ཉེན་མེད་དྲིལ་སྒྲོག་གི“སྤེལ་བ་ལྔའི”ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་བསྐུལ་ནས“ཉེན་མེད་དྲིལ་སྒྲོག་བློ་འདྲི་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་མངོན་མེད་རྐྱེན་ངན་བཅོས་སྒྲིག་ནན་པོ་བྱ་དགོས།
ལི་ཐང་རྫོང་གིས2026ལོའི“ཉེན་མེད་ཐོན་སྐྱེད་ཟླ་བའི”འགོ་ཚུགས་མཛད་སྒོ་འཚོགས་ནས་མི་སྣ་ཡོངས་ལ“མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི”འདུ་ཤེས་བརྟན་སྲུང་དང་བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་དོར་ནས་ད་ཐེངས་ཀྱི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ་ས་ཁོངས་ཡོངས་སུ་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་བྱས་ནས་འཚུབ་བསྟུན་གསོ་སྦྱོང་དང་དངོས་འཐབ་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད་། ཡུལ་དངོས་ནས་གཙོ་དོན་དྲིལ་སྒྲོག་དང་། ཉེན་ཟོན་སློབ་གསོ། འཚུབ་བསྟུན་ནང་སྦྱོང་། བདེ་འཇགས་དྲིལ་སྒྲོག་བཅས“སྤེལ་བ་ལྔ”སོགས་ཀྱི་ལས་ཀ་བཀོད་སྒྲིག་ཁ་གསལ་བཟོས་པ་རེད། ལས་ཞུགས་མི་སྣས་ཐུན་མོང་ཐོག་ཉེན་མེད་ཐོན་སྐྱེད་ཀྱི་གྲོས་འདོན་ཡི་གེ་སྒྲོག་སྦྱོང་དང་ཉེན་མེད་དམ་བཅའ་བཞག་པ་དང་འབྲེལ་གཙོ་དོན་འཕྲེད་བྱང་དུ་མིང་རྟགས་བཀོད་ནས་ཁས་ལེན་བྱས་ཏེ་ལས་བཟོ་ཡོངས་ཀྱིས་ཉེན་མེད་ལ་དོ་ཁུར་དང་ཉེན་མེད་ནང་ཞུགས་པའི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།
ད་ལོ་ཡང་ཉེན་མེད་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་མཇུག་འགྲིལ་བའི་ལོ་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྐྲུན་བཞིན་པའི་ལས་གྲྭ་ཁག་གིས་བྱེད་སྒོའི་གཙོ་དོན་ལ་དམིགས་ནས་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ལ་ཁེབས་པ་དང་ཆ་ཚང་བའི་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་དྲིལ་སྒྲོག་སློབ་གསོ་དང་འཚུབ་བསྟུན་ནང་སྦྱོང་བྱས་ཏེ་དམངས་ཡོངས་ཀྱི་ཉེན་མེད་འདུ་ཤེས་དང་འཚུབ་བསྟུན་ཐག་གཅོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བྱ་ཐབས་ཏན་ཏིག་ལ་བརྟེན་ནས་ཉེན་མེད་ཐོན་སྐྱེད་ཀྱི་དམར་ཐིག་བརྟན་པོར་སྲུང་བ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཉེན་མེད་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྲུང་སྐྱོང་བྱ་དགོས་པ་རེད།། ( ཨོ་རྒྱན་གྱིས་བྲིས།)
