国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

( པར་ངོས་དང་པོར་མཐུད།)

ཚོགས་འདུར་ཡུལ་སྡེ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟང་པོ་དམ་དུ་འཛིན་པ་དང་། དར་རྒྱས་ཅུང་ཞན་པའི་རྫོང་ཁོངས་ཀྱི་འཚོ་སྐྱོང་དམའ་སྐྱོར་ལ་ཤུགས་རྒྱག་པ། གནད་སྨིན་རོགས་སྐྱོར་དང་ཐོན་ལས་འཕེལ་རྒྱས། ལས་ཞུགས་ཡོང་འབབ་འཕར་སྣོན་སོགས་ཀྱི་གཙོ་གནད་ལས་དོན་ཡག་མོ་ཏན་ཏིག་སྒྲུབ་པ། ཞིང་སྡེའི་ལམ་དང་གཙང་ཆུ། གློག་དྲྭ་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་སྤུས་རིམ་སྤར་བ་བཅས་བྱས་ནས་རྒྱུན་ཚུལ་ཅན་གྱི་རོགས་སྐྱོར་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་ནས་རིམ་པ་གསུམ་གྱི་ཏང་ཨུ་ཧྲུའུ་ཅིས་རྒྱུན་ཚུལ་ཅན་གྱི་རོགས་སྐྱོར་འགན་འཁྲི་དམ་ནན་བྱེད་པ་དང་། ཤར་ནུབ་རོགས་ལས་དང་། དམིགས་འཛུགས་རོགས་སྐྱོར། གྲོང་ཚོར་བཅའ་སྡོད་རོགས་སྐྱོར་སོགས་ཐོན་ཁུངས་སྟོབས་ཤུགས་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཕྱོགས་མང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ། གནད་དོན་ཁག་དག་ཐེར་ཡོ་བསྲང་ལ་དངོས་གནས་སྐུལ་ཕོད་པ་བཅས་བྱས་ནས་རྒྱུན་ཚུལ་ཅན་གྱི་གནད་སྨིན་རོགས་སྐྱོར་བྱེད་ཐབས་དོན་ཐོག་འཁྱོལ་ཞིང་ཕན་འབྲས་ཐོབ་པར་ཁག་ཐེག་བྱ་དགོས་པར་བསྟན་ཡོད།

ཚོགས་འདུར་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད། ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།།

( ལྷ་འཛོམས་དང་ཀུན་དགས་བསྒྱུར།)