国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕ་ཡུལ་གྱི་དཔའ་རྒོད། ནགས་བྲན་པའི་གེ་སར། ཀུན་སེལ་ཌཱཀི།

ལོ་ངོ་སྟོང་ཕྲག་གི་རིང་།

རྨི་མ་མྱོང་བའི་རྨི་ལམ་མངོན་དུ་བསྒྱུར།

དྲན་མ་མྱོང་བའི་རྡོ་རིང་གསར་དུ་བཙུགས།

གླེང་མ་མྱོང་བའི་རྟོགས་བརྗོད་གསར་དུ་བརྩམས།

ཁྱོད་ནི་ངོམ་དུ་རི་བའི་གཟི་བརྗིད།

རྙེད་དུ་མེད་པའི་ནོར་བུ།

འགྲན་དུ་མེད་པའི་དཔའ་རྒོད་རེད།

དགུ་བརྒྱད་ལྔ། གཉིས་གཅིག་གཅིག།

ཡངས་པའི་འཇིག་རྟེན་འདི་ན་

འབྲུག་ལྟར་གྲག་པའི་སློབ་གྲྭ་ཆེན་མོ།

འདི་ཚོའི་མིང་ཙམ་མི་ཤེས་པའི་མི།

ང་ཚོའི་ཕ་ཡུལ་ན་དུས་ད་དུང་ཡང་མང་པོ་ཡོད།

ཁྱོད་ཀྱིས་དཀའ་སྡུག་གི་རི་ལུང་བརྒལ།

བརྩོན་འགྲུས་ཀྱི་རྟ་ཕོ་ཞོན།

ཤེས་རིག་གི་རྩི་བཅུད་བཟས་ཏེ།

ནན་ཁེ་སློབ་ཆེན་གྱི་སྐྱེད་ཚལ་དུ་བགྲོད་སོང་།

འདི་ནི་ཁྱོད་གཅིག་པུའི་གྲུབ་འབྲས་དང་།

གཟི་བརྗིད། ལ་རྒྱ། མཚར་སྡུག་མ་རེད།

འདི་ནི་ནགས་བྲན་སྡེ་བ་སྤྱིའི་དུས་རབས་གསར་

པའི་རྗེས་སྙེག།

དཔལ་ཡོན་གསར་པ་དབུ་བརྙེས། ལོ་རྒྱུས་གསར་པ་

རྐང་ཚུགས་པའི་རྟགས་རེད།

ཕ་བཟང་གི་བུ་མོ། ཕ་ཡུལ་གྱི་དཔའ་རྒོད།

ནགས་བྲན་པའི་རྒྱན། ཀུན་སེལ་ཌཱ་ཀི།

ཁྱོད་ཀྱིས་ནགས་བྲན་པའི་ཤེས་རིག་གི་སྟོང་ཆ་ཆེན་པོ་

ཞིག་ཡོངས་སུ་བསྐངས་སོང་།

ཁྱོད་ཀྱིས་ནགས་བྲན་པའི་སྤྱི་ཚོགས་འཕེལ་རྒྱས་ལོ་

རྒྱུས་ཀྱི་མཆོང་བརྒལ་ཆེན་པོ་ཞིག་ལག་ལེན་བྱས་སོང་།

ནགས་བྲན་པས་ཁྱོད་ལ་ཁ་བཏགས་འབུལ།

ནགས་བྲན་པའི་ལོ་རྒྱུས་ཀྱིས་ཁྱོད་རང་བརྗེད་མི་སྲིད།

ནགས་བྲན་པས་ནམ་ཡང་ཁྱོད་ལ་ངོ་སོ་བསྟོད།

༼ འཁྱོག་འཇོམས། ༽