国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྕགས་ཟམ་ཟམ་པར་དམར་དམག་སྙིང་སྟོབས་མངོན།། གསར་བརྗེ་རིག་གནས་གསོན་ཤུགས་ལྷག་པར་འཕེལ།།

9331_06B_20260608 ཁམས་དར་ཟམ་ཆེན།

9319_06B_20260608ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་གྱི་ཡུལ་ལྗོངས།

9321_06B_20260608ལྕགས་ཟམ་རྫོང་མཁར།

9345_06B_20260608 ཡུལ་སྐོར་བས་དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

9343_06B_20260608ཡུལ་སྐོར་བ་ལྕགས་ཟམ་ཟམ་པར་སྐྱོད་བཞིན་པ།

ལྕགས་ཟམ་ཟམ་པའི་འགྲམ་དུ་ཡོད་པའི་ཟམ་འཕྲོག་ཆུ་བརྒལ་གྱི་མཉམ་འགུལ་བར་མཐོངས་སུ་ཡུལ་སྐོར་བསVRསྒྲིག་ཆས་ལ་བརྟེན་ནས་ལྕགས་ཟམ་མྱུར་འཕྲོག་བྱས་ཚུལ་མྱོང་རོལ་བྱེད་བཞིན་པ།ལྕགས་ཟམ་ཟམ་པའི་འགྲམ་དུ་ཡོད་པའི་ཟམ་འཕྲོག་ཆུ་བརྒལ་གྱི་མཉམ་འགུལ་བར་མཐོངས་སུ་ཡུལ་སྐོར་བསVRསྒྲིག་ཆས་ལ་བརྟེན་ནས་ལྕགས་ཟམ་མྱུར་འཕྲོག་བྱས་ཚུལ་མྱོང་རོལ་བྱེད་བཞིན་པ།

9317_06B_20260608ཡུལ་སྐོར་བས་དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

1935ལོའི་ཟླ་བ5པའི་ཚེས29ཉིན། ཀྲུང་གོ་བཟོ་ཞིང་དམར་དམག་གིས་དགྲ་བོའི་མདེའུ་ཆར་གྱི་ཉེན་ཁར་མ་འཛེམས་ནས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པ་རེད། དཔའ་བོ22ལས་གྲུབ་པའི་ཐོལ་རྒོལ་རུ་ཁག་གིས་ལྕགས་ཐག་བརྒྱུད་ནས་ཟམ་ཁ་ནུབ་ནས་གོག་འགྲོས་ཀྱིས་མདུན་དུ་བསྐྱོད་པ་དང་། རྗེས་མཐུད་དཔུང་ཁག་གཉིས་པས་རྒྱབ་ཕྱོགས་སུ་ཟམ་ལེབ་འདིང་འགན་ཁུར་ནས་དཔུང་ཆེན་གྱི་ལམ་ཕྱེ་བ་རེད། དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་དུ་འཕྲོག་པའི་གཡུལ་འགྱེད་ནི་འཛམ་གླིང་དམག་དོན་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཡིན་ཞིང་། ཀྲུང་གོ་གསར་བརྗེའི་ལོ་རྒྱུས་སུ་ཉམས་པ་མེད་པའི་ལེའུ་ཞིག་བརྩམས་ཡོད།

ལྕགས་ཟམ་ཟམ་པ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་དུ་ཡོད། ཆིང་རྒྱལ་རབས་ཁང་ཞི་ལོ་ཞེ་བཞི་པར(1705ལོ)བསྐྲུན་པ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་དུ་ལོ་ངོ་སུམ་བརྒྱ་ལྷག་འགྱིང་ངེར་གནས་པ་ལས་དམར་དམག་གི་རྒྱང་སྐྱོད་དཔའ་ངར་མཚོན་ཡོད་ལ་ས་གནས་དེ་གའི་སྤྱི་ཚོགས་འཕོ་འགྱུར་ལ་བདེན་དཔང་ཡང་བྱས་ཡོད། ལྕགས་ཟམ་ཟམ་པའི་སྨད་དུ་ཡོད་པའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཁམས་དར་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་གསོན་ཤུགས་བསྣན་པ་རེད།

ད་ཆ་ལྕགས་ཟམ་རྫོང་གིས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་ལྕགས་ཟམ་དུམ་མཚམས་བསྐྲུན་ནས་ཡུལ་སྐོར་བ་གྲངས་ལས་འདས་པ་ལོ་རྒྱུས་ལ་དྲན་གསོ་དང་གསར་བརྗེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད་དུ་ཡོང་གིན་ཡོད། རི་མཐོའི་སྐྱེ་ཁམས་ནི་ལྕགས་ཟམ་རྫོང་གི་མིང་བྱང་གཞན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ས་གནས་དེས་གྲོང་སྡེ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ལ་བསྐུལ་ཏེ། ཡུལ་སྐོར་བར་མྱོང་རོལ་སྣ་མང་ཅན་མཁོ་སྤྲོད་བྱས་ཡོད། 2025ལོར་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྱོན་བསྡོམས་ཁྲི573ལ་སྣེ་ལེན་དང་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར63རག་ཡོད།

2026ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་ཡིན་ལ། དྲག་ཏུ་བཞུར་བའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཐོག་གི་ལྕགས་ཟམ་ཟམ་པའི་ལྕགས་ངར་ལས་དེ་སྔོན་གྱི་ལོ་རྒྱུས་དུམ་བུའི་འོད་མདངས་འཕྲོ་ཞིང་། དམར་དམག་གི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དེས་མི་རབས་ནས་མི་རབས་བར་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བཞིན་ཡོད།།

( བདེ་ཆེན་གྱིས་བྲིས།)