国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་ གྲོས་ཚོགས་འཚོགས་ཏེ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་རང་ཁུལ་དུ་རྟོག་ཞིབ་མཛུབ་སྟོན་དུ་ཕེབས་པའི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་དང་། ལག་བསྟར་དོན་འཁྱོལ་ གྱི་ལས་དོན་བཀོད་སྒྲིག་བྱས།

སྤྱི་ཟླ6པའི་ཚེས18ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་རང་ཁུལ་དུ་རྟོག་ཞིབ་མཛུབ་སྟོན་དུ་ཕེབས་པའི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

ཚོགས་འདུར་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་འགག་རྩའི་དུས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སྒྲོག་འགྲེལ་དང་། དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་ཞིབ་ཚགས་གནང་བ་རེད། དེ་ཐོག་ནས་ཞིང་ཆེན་ཏང་ཨུས་དཀར་མཛེས་ཁུལ་གྱི་ལས་དོན་ལ་མཐོང་ཆེན་དང་། དཀར་མཛེས་ཁུལ་འཕེལ་རྒྱས་ལ་རེ་བ་ནན་པོར་བཅོལ་བ། དཀར་མཛེས་ཁུལ་གྱི་མི་དམངས་ལ་ཐུགས་ཁུར་གནང་བར་གང་ལེགས་མཚོན་ཐུབ། རྟོག་ཞིབ་ཀྱི་རིང་ལ་ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་གྱི་ལོ་སྟོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། ཁྱད་ཡོན་ཐོན་ལས་ཀྱི་སྤུས་འབྲས་ཆེ་རུ་གཏོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བ། ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་དང་ཏང་འཛུགས་སྐྱོང་ལ་ཤུགས་བརྒྱག་པ་སོགས་ཀྱི་ལས་དོན་ཐད་ལ་བླང་བྱ་ཁ་གསལ་བཏོན་ཡོད། ང་ཚོས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་དམ་འཛིན་ཡག་པོ་བྱེད་པར་ཁ་ཕྱོགས་གཏན་འཁེལ་དང་ངར་ཤུགས་བསླངས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཁུར་དང་ལེན་བྱས་ནས་དཔའ་ངར་ཆེར་བསྐྱེད་དང་། ལས་འགན་ལྕི་མོ་ཤེས་བཞིན་འགན་འཁུར་ཕོད་དགོས། ཝང་ཞའོ་ཧུའེ་རང་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དེ་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་གྲོང་ཚོགས་ཐེངས་དགུ་པའི་སྙིང་དོན་དང་གཞི་གཅིག་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས། ཞིང་ཆེན་ཏང་ཨུའི་སེམས་ཁུར་དང་ཡིད་ཆེས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་ཏན་ཏིག་བསྒྱུར་ནས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་བྱས་ཏེ། དུས་རབས་གསར་པའི་སི་ཁྲོན་དར་སྤེལ་བཅོས་སྐྱོང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་དཀར་མཛེས་ཁུལ་གྱི་བྱས་རྗེས་དེ་བས་ཆེ་བ་འབུལ་དགོས།

( པར་ངོས་བཞི་པར་གཟིགས།)