国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་གནད་དོན་གཅིག་བསྡུས་དག་ཐེར་འདུམ་སེལ་ཆེད་དོན་བྱ་སྤྱོད་ལས་དོན་གྱི་ཆེད་དོན་ཚོགས་འདུར།

སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་དཀའ་སྡུག་ སེམས་ཁྲལ་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ6པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་གནད་དོན་གཅིག་བསྡུས་དག་ཐེར་འདུམ་སེལ་ཆེད་དོན་བྱ་སྤྱོད་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བཟོ་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་གནད་དོན་གཅིག་བསྡུས་དག་ཐེར་འདུམ་སེལ་ཆེད་དོན་མཐར་ཕྱིན་སྤེལ་ནས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་དཀའ་སྡུག་སེམས་ཁྲལ་དང་རེ་སྒུག་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཚོར་ཐུབ་པ་དང་སྒྲུབ་ཐུབ་པའི་ལས་ཀའི་ཕན་འབྲས་དེ་བས་མང་པོས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་ཞིང་ཆེན་ཏང་ཨུའི་ཆེད་དོན་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། ཁུལ་ཡོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་གནད་དོན་གཅིག་བསྡུས་དག་ཐེར་འདུམ་སེལ་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། དམངས་འཚོའི་ཁྱབ་ཁོངས་གཙོ་བོའི་འཕྲིན་བཅར་གནད་དོན་གཅིག་བསྡུས་དག་ཐེར་དང་སྐུལ་བ་སོགས་ཀྱི་གནས་ཚུལ་སྙན་སེང་ལ་ཉན་འཇོག་དང་། ཕྱིན་ཆད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།

( པར་ངོས་བཞི་པར་གཟིགས།)