■ 2026ལོའི་ལྔ་ལྔ་དུས་ཆེན་གྱི་མཇུག་རྫོགས་ཤིང་། རང་ཁུལ་རིག་གནས་ཡུལ་སྐོར་ཁྲོམ་རའི་མི་གཡང་དང་འཛད་སྤྱོད་གཉིས་ཀར་གྲུབ་འབྲས་བཟང་པོ་ཐོབ་ཡོད། སྤྱི་ཟླ6པའི་ཚེས21ཉིན་གསར་འགོད་པས་ཁུལ་རིག་གནས་ཡུལ་སྐོར་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ6པའི་ཚེས19ནས21ཉིན་གྱི་ཆུ་ཚོད14བར། ཁུལ་ཡོངས་སུ་ཡུལ་སྐོར་བ་ཁྲི66.44ལ་སྣེ་ལེན་ཞུས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར7.31རག་པ་དང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ24.82དང་བརྒྱ་ཆ22.29འཕར་ཡོད། ཁུལ་ཡོངས་ཀྱི་རིག་གནས་ཁང་དང་དཔེ་མཛོད་ཁང་། དངོས་མང་བཤམ་སྟོན་ཁང་སོགས་སྤྱི་པའི་རིག་གནས་ཁང་གིས་མང་ཚོགས4959ལ་སྣེ་ལེན་ཞུས་ཡོད་པ་རེད།།
■ ཉེ་ཆར། རྒྱལ་ཁབ་འཚུབ་བསྟུན་དོ་དམ་པུའུ་ཉེན་ཁ་ལྟ་ལེན་དང་མེ་སྐྱོན་ཕྱོགས་འདུས་འགོག་བཅོས་སི་ཡིས་རང་རེའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ5ཡི་ས་གཤིས་གནོད་གཡོལ་དཔེ་མཚོན8ལ་བརྡ་ཁྱབ་བཏང་ནས་བསྟོད་ར་བྱས་ཤིང་། དེའི་ནང་དུ་རང་ཁུལ་གྱི་དཔེ་མཚོན་གཉིས་ཡོད་པ་སྟེ། གཅིག་ནི་བརྒྱད་ཟིལ་རྫོང་ཡོན་ཏན་གྲོང་རྡལ་གྱི་རི་ཉིལ་ཉེན་གཡོལ་དཔེ་མཚོན་དང་ཅིག་ཤོས་ནི་རོང་བྲག་རྫོང་སྒོ་ལུང་གྲོང་རྡལ་གྱི་ཆུ་ལོག་གནོད་གཡོལ་དཔེ་མཚོན་རེད།།
