国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཡོངས་ཀྱི་འཚུབ་བསྟུན་འཕྲིན་གཏོང་གི་ཕྱོགས་བསྡུས་འགན་ལེན་ནུས་པ་ཆེ་རུ་བཏང་།

ཁུལ་ཡོངས་ཀྱི་འཚུབ་བསྟུན་འཕྲིན་གཏོང་འགན་ལེན་དཔུང་ཁག་གི་ལས་སྒྲུབ་དང་དམག་འཐབ་གྲ་སྒྲིག་ལ་ཤུགས་རྒྱག་པ་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་སེལ་བའི་འཚུབ་བསྟུན་བཀོད་འདོམས་འཕྲིན་གཏོང་འགན་ལེན་གྱི་དངོས་འཐབ་ནུས་པ་ཆེ་རུ་གཏོང་ཆེད། ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱིས་ཉེ་དུས་ཁུལ་ཡོངས་ཀྱི་འཚུབ་བསྟུན་འཕྲིན་གཏོང་འགན་ལེན་དཔུང་ཁག་བསྡུས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་སེལ་བའི་འཚུབ་བསྟུན་བཀོད་འདོམས་འཕྲིན་གཏོང་ཆེད་དོན་སྐུལ་ཁྲིད་ལས་དོན་སྤེལ་བ་རེད།

ད་ཐེངས་ཀྱི་སྐུལ་ཁྲིད་ནང་དོན་ལས་ཡུལ་ཤོག་དང་གྲོང་རྡལ(གྲོང་ཚོ)གྱི་སྲུང་སྐར་ཁ་པར་སྦྲེལ་མཐུད་དང་། 370Mཨང་ཀི་ཁྱུ་ཚོགས་སྦྲེལ་ཚུགས་འཛུགས་པ། མི་མེད་གནམ་གྲུའི་མྱུལ་ཞིབ་ཕྱིར་གཏོང་སོགས་ཚུད་ཡོད་ལ། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ཀྱི་འཚུབ་བསྟུན་འཕྲིན་གཏོང་འགན་ལེན་དཔུང་ཁག་དང་། ཡུལ་ཤོག་དང་གྲོང་རྡལ(གཞིས་ཁུལ)ཁག་གཅིག་བཅས་དང་འབྲེལ་བ་ཡོད། ད་ཐེངས་ཀྱི་སྐུལ་ཁྲིད་དེ་འཕྲིན་གཏོང་འགན་ལེན་གྱི་འབྲེལ་ཡོད་ཚད་གཞིར་ནན་པོར་གཞིགས་ནས་སྒྲིག་འཛུགས་ལག་ལེན་བསྟར་བ་དང་། རྫོང(གྲོང་ཁྱེར)ཁག་གི་འཕྲིན་གཏོང་འགན་ལེན་དཔུང་ཁག་གིས་བཀའ་རྒྱ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་། མགྱོགས་མྱུར་རུབ་འཛོམས་བྱས་ཏེ་ཁག་ཐེངས་བགོས་ནས་དམིགས་འཛུགས་ལས་འགན་སྒྲུབ་ཁོངས་སུ་བསྐྱོད་དེ་འཕྲིན་གཏོང་སྒྲིག་ཆས་སྒྲིག་སྦྱོར་དང་། བརྡ་རྟགས་སྦྲེལ་ལམ་སྙོམས་སྒྲིག་ཚོད་ལྟ། མི་མེད་གནམ་གྲུའི་མྱུལ་ཞིབ། མདུན་རྒྱབ་ཕྱོགས་ཀྱི་བརྙན་ལམ་བརྒྱུད་གཏོང་སོགས་ལས་འགན་དངོས་སྒྲུབ་དང་གོང་འོག་འབྲེལ་མཐུད། འཕྲེད་ཕྱོགས་མཉམ་འགུལ། མཐུན་སྦྱོར་ནུས་ཆེ་བཅས་ཀྱི་འཚུབ་བསྟུན་འཕྲིན་གཏོང་འགན་ལེན་མ་ལག་བསྐྲུན་པ་རེད།

སྤྱི་ཟླ6པའི་ཟླ་དཀྱིལ་བར་ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱིས་ཁུལ་ཡོངས་སུ་འཚུབ་བསྟུན་འཕྲིན་གཏོང་འགན་ལེན་སྐུལ་ཁྲིད་ཐེངས4སྒྲིག་འཛུགས་བྱས་པར་བརྒྱུད་གནད་དོན75ཞིབ་བཤེར་གསེད་བཀྲོལ་བྱས་པ་དང་། 45འཕྲལ་མར་ལག་བསྟར་དང་བཅོས་སྒྲིག་བྱས་པ། 30ལ་དུས་ཡུན་རིང་པོར་བཅོས་སྒྲིག་བྱས་པ་བཅས་རྒྱུན་རྣམ་ཅན་གྱི་ཁུལ་དང་། རྫོང(གྲོང་ཁྱེར) ཡུལ་ཤོག། གྲོང་ཚོ་བཅས་རིམ་པ་བཞིའི་འཚུབ་བསྟུན་འཕྲིན་གཏོང་འགན་ལེན་བཀོད་གཏོང་ལམ་སྲོལ་བཙུགས་ནས་དངོས་འཐབ་དངོས་སྦྱོང་ལ་རྒྱུན་མཐུད་ཤུགས་བརྒྱབ་སྟེ་ནུས་པ་ཆེ་རུ་གཏོང་བ་དང་། ཁུལ་ཡོངས་ཀྱི་འཚུབ་བསྟུན་འཕྲིན་གཏོང་ཕྱོགས་བསྡུས་འགན་ལེན་ནུས་པ་ཆེ་རུ་བཏང་ནས་ལོ་འཁོར་གྱི་ཆུ་ལོག་སྔོན་འགོག་དང་ཐན་འགོག། འཚུབ་བསྟུན་ཐག་གཅོད་ལས་དོན་ཁག་ལ་འཕྲིན་གཏོང་འགན་ལེན་གྱི་རྨང་གཞི་བརྟན་པོ་བཏིང་བ་རེད།། ( ནོར་བུས་བསྒྱུར།)