国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་རང་ཁུལ་དུ་རྟོག་ཞིབ་མཛུབ་སྟོན་དུ་ཕེབས་པའི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་དང་། ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་བྱས།

( པར་ངོས་དང་པོར་མཐུད།)

ཚོགས་འདུར་བསྟན་དོན། ཧྲུའུ་ཅི་ཝང་ཞའོ་ཧུའེ་རང་ཁུལ་དུ་རྟོག་ཞིབ་ཕེབས་པའི་གཙོ་གནད་བཀོད་སྒྲིག་ལས་འགན་ལག་ལེན་མཐའ་གཅིག་ཏུ་འཁྱོལ་དགོས། ཁྱད་ཡོན་ཐོན་ལས་ཀྱི་སྤུས་འབྲས་སྤར་དགོས། ཁུལ་ཡོངས་ཀྱི་ཐོན་ཁུངས་རང་སྤུས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་བཙུགས་ཏེ་རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ། ཁྱད་ཆོས་ཞིང་འབྲོག་ལས་བཅས་དོན་ཆེན་གསུམ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་རྒྱལ་ཁ་ཐོབ་ཤུགས་སུ་སྒྱུར་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས། མཉམ་དུ་ཐོག་ཕྱུག་འབྱོར་ཡོང་བའི་དཀའ་གནད་བརྟོལ་བ་དང་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སོགས་ཀྱི་སྟོབས་ཤུགས་ཡག་པོ་སྤྱད་དེ་རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་ཡག་པོ་བྱེད་ཅིང་། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་ཏན་ཏིག་སྐུལ་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་འཕར་བར་རོགས་རམ། སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་འབྱོར་ཡོང་བའི་ལམ་བུར་རྗེས་སུ་མི་ལུས་པར་འགན་ལེན་བྱ་དགོས། ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཙོ་གནད་ས་ཁོངས་དང་དམིགས་བསལ་དུས་མཚམས་ལ་དམ་པོར་དམིགས་ནས་ཆུ་ཚོད24ཡི་ལས་རེས་ལམ་ལུགས་ལག་ལེན་ནན་པོར་བསྟར་བ། ཆུ་ལོག་དང་ས་གཤིས་གནོད་འཚེ་ཐོན་ཉེར་ཡོད་སར་ཚགས་བཤེར་དང་། ཉེན་གཡོལ་ལས་ཕྱོད་ཆེ་ལ་གོ་རིམ་ལྡན་པ་ཞིག་ཡོང་བ་བྱ་དགོས། ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་འབྲོག་ཁུལ་དང་དགོན་སྡེའི་དོ་དམ་སྒྲིག་གཞི་སོགས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་བ་དང་།ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། བཀོལ་སྤྱོད། བསྔགས་སྐུལ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་ཉམས་སད་ཐེག་ཐུབ་པར་བསྐུལ་དགོས།

ཚོགས་འདུར་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་མི་ལས་བྱེད་པས་རམ་སྐུལ་དང་ལེན་ངང་འགན་འཁྲི་བརྟན་པོར་འཁུར་དགོས་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་ཞིབ་ཕྲ་བཟོས་ནས་དྲན་དྲིན་གྱི་བསམ་པ་དང་ཧུར་སྐྱོད་ཀྱི་བློ་སྟོབས། དངོས་དོན་སྒྲུབ་པའི་བྱ་ཐབས་བཅས་ལ་བརྟེན་ནས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་མཛུབ་སྟོན་སྙིང་དོན་དོན་ལ་འཁྱོལ་བར་བསྐུལ་ཏེ། དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་ཞེས་ནན་པོར་བསྟན་པ་རེད།།

( བདེ་སྐྱིད་དང་བདེ་ཆེན་གྱིས་བསྒྱུར།)