དོ་ནུབ་ཀྱི་མཚན་མོ་འདིར།
ང་རང་ཁེར་རྐྱང་ངང་ཆུ་བོ་འདིའི་ཁ་ན་ཡོད།
སེམས་ཀྱི་སྐྱོ་གདུང་ཚང་མ་ཆུ་བོ་འདིས་སེལ་
བར་ནུས་སམ།
སེམས་ཀྱི་ལྷ་མོ།
ཁྱོད་ཀྱིས་བདག་གི་ནང་སེམས་ཀྱི་རྨི་ལམ་
དཀྲོགས།
ངས་རང་བྱུང་ཁམས་དང་ཁྱོད་ཉིད་ལྷན་
གཅིག་ཏུ་བསྲེས་ནས།
རེ་ཞིག་སེམས་པ་འདི་ལྷོད་ལ་འཇགས་
ཐབས་བྱས།
མཚན་མོ་འདིར།
སྙིང་ལ་གཟན་པའི་ཕྱི་རོལ་གྱི་ཁྱི་སྐད་འདི་
དག་གིས།
སྐྲག་སྣང་ཞིག་་གིས་སེམས་པ་འདི་བདེ་བར་
མ་གནས།
ངས་འབད་པ་ཆེན་པོའི་ཁྱོད་ལ་སྙན་ངག་
ཅིག་བྲིས།
འདི་ནི་ང་རང་འཇིག་རྟེན་གྱི་ཕ་རོལ་
བརྒལ་དུས།
ཁྱོད་ལ་ཕུལ་བའི་སེམས་ནང་གི་ལེགས་
སྐྱེས་ཡིན།
དོ་ནུབ་ཀྱི་ཆར་པ་འདི་དག་གིས།
ང་ཡི་ལུས་པོ་ཕྱི་ནང་བརླན་སོང་།
ང་ཡི་སེམས་ནས་བཞུར་བའི་སྙན་ངག་དང་།
མིག་ནས་བཞུར་བའི་མིག་ཆུས་ཁྱོད་
ཉིད་ལ་བདེན་དཔང་བྱེད།
གཉིད་མི་ཁུགས་པའི་ལོ་ཟླ།
ཁྱོད་ཉིད་དྲན་པའི་སྐྱོ་གདུང་གི་ན་ཟུག།
ཆར་པ་རླུང་བུའི་སྒྲ་སྐད་འདི་དག་གིས།
ནང་སེམས་རྙོག་མ་དེ་དག་སེལ་བར་
ནུས་སམ།
དཀོན་མཆོག་ལ་ཡེ་ཤེས་ཀྱི་སྤྱན་ཡོད་དམ།
སེམས་ཀྱི་ལྷ་མོ་ལ་དགའ་བའི་གདུང་བ་
འདི་མཁྱེན་ནམ།
སེམས་ཀྱི་ལྷ་མོ།
ངས་ཁྱོད་ལ།
སྐྱེ་བ་ཚེ་རབས་ཀྱི་ལན་ཆགས་ཤིག་མ་སོད་
པ་ཡིན་ནམ།
གསལ་ལ་མི་གསལ་བའི་མཚན་དུས་འདིར།
རང་བྱུང་ཁམས་དང་ཆར་རླུང་གི་སྒྲ་
བཙན་པོ་དེས།
ངས་སྐད་གསང་མཐོན་པོས་ཁྱོད་ཉིད་
བོས་ན་འདོད་ཀྱང་།
ཕྱི་རོལ་གྱི་ལྷིང་འཇགས་དཀྲོག་པར་ང་
རང་སྐྲག།
བདག་གི་ཡོད་ཚད་ནས་ཡོད་ཚད་ཁྱོད་
ལ་འབུལ་ཐུབ།
བདག་གི་ཚེ་སྲོག་གི་རྒྱུ་བ་ཕྲ་མོ་འདི་མ་
ཆད་བར་དུ།
ངས་ཁྱོད་ལ་རྣམ་དག་སེམས་ཀྱི་ལེགས་
སྐྱེས་འབུལ་ཐུབ།
གལ་ཏེ་ང་རང་འཁྲུལ་བ་མིན་ན།
ཐེངས་རེར་ཁྱོད་དང་བར་ཐག་ཉེ་བའི་
སྣང་བ་སྟེར།
དེ་དུས་སེམས་ལ་ཧ་ཅང་དགའ་བའི་སྣང་
བ་སྟེར།
ད་ལྟ་ཆར་རླུང་ཤིན་ཏུ་ཆེ་ཡང་།
ངས་ཁྱོད་ཉིད་སེམས་སུ་བཏགས་ནས་
སྙན་ངག་བྲིས་ན།
ང་རང་གིས་ཁྱོད་ལ་བཅངས་བའི་སེམས་
པ་དེ་ཁྱོད་ཀྱིས་ཤེས་ཐུབ།
དེ་བས་ང་རང་དཀའ་སྣང་གང་ཡང་
མི་འདུག།
༼ རི་སྤྱང་། ༽
