国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་མཚོ་ཕུ་ལྗོངས་ཁུལ་གྱིས་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་དབང་འཕྲོག།

འབའ་ཐང་མཚོ་ཕུ་ལུང་པ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། འབའ་ཐང་མཚོ་ལ་ཡུལ་ཤོག་གི་མངའ་ཁོངས་སུ་ཡོད། ཤར་ལི་ཐང་གི་འབུམ་ཡག་རྩྭ་ཐང་དང་། ནུབ་ཡག་སོ་རི། ལྷོ་ལེབ་ཡུལ་ཡུལ་ཤོག། བྱང་བྲག་ཆེན་རྒྱལ་པོ་བཅས་དང་འབྲེལ་ཞིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ900ལྷག་ཡོད་པ་རེད། 2002ལོར་རྒྱལ་ཁབ་ཀྱི་ནགས་ཚལ་གླིང་གའི་མིང་ཐོབ་ཡོད་ཅིངA རིམ་པ་བཞིའི་ལྗོངས་ཁུལ་ཡིན།

གངས་རི་དང་བྲག་རི། ནགས་རི། སྤང་རི། མཚོ་མོ། ཆུ་ཚན་བཅས་རང་བྱུང་ལྷུན་གྱིས་གྲུབ་ཅིང་། རི་དྭགས་ཤྭ་བ་དང་གནའ་བ། འཕྱི་བ་སོགས་རི་སྐྱེས་སྲོག་ཆགས་མང་པོ་འགྲོ་བ་མིའི་རིགས་དང་འཆམ་མཐུན་མཉམ་གནས་ཀྱིས་འཚོ་ཞིང་གནས། མཚོ་མོ་ཕྱི་ནང་གཉིས་ཡོད་པའི་ནང་དུ་ཉ་རིགས་རྩ་ཆེན་འབུམ་ཕྲག་ཡོད་ཅིང་མིའི་སྐད་སྒྲ་ཚོར་བ་དང་མཚོ་ངོས་སུ་རུབ་ནས་ཉ་ཟས་བཟའ་རུ་ཡོང་། མཛེས་སྡུག་རི་ཀླུང་ལྷ་ཡི་ཞིང་ཁམས་དང་གཉིས་སུ་མ་མཆིས། ཉེ་བའི་ལོ་ཤས་རིང་། འབའ་ཐང་རྫོང་གིས་མཚོ་ཕུའི་ལྗོངས་ཁུལ་གྱི་ཁྱད་ཡོན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་འདྲེས་ཤུགས་ཆེ་རུ་བཏང་བ་དང་། རླངས་འཁོར་བཏང་ནས་སྣང་བ་སྐྱིད་པོས་འབའ་ཐང་དུ་ཡུལ་སྐོར་ཡོང་བའི་རིག་གནས་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་དབང་བཀུག་དང་འགུགས་བཞིན་ཡོད།། ( ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།)