国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་ཞིང་གསར་བརྗེ་ཡིས་བླ་སྲོག་བསྐྱངས་ཏེ་ཏང་གི་རྗེས་སུ་འབྲང་ཞེས་པའི་བཞུགས་མོལ་ཚོགས་འདུར།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་གཙོ་ཕྱོགས་སུ་བྱས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་ནས་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད་བྱས་རྗེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ6པའི་ཚེས22ཉིན། དཀར་མཛེས་ཁུལ་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་ཞིང་གསར་བརྗེ་ཡིས་བླ་སྲོག་བསྐྱངས་ཏེ་ཏང་གི་རྗེས་སུ་འབྲང་ཞེས་པའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་གཙོ་ཕྱོགས་སུ་བྱས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་དེ། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད་བྱས་རྗེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ལིན་ཚོགས་འདུར་ཞུགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་རིགས་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་དབྱངས་ཅན་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་ལས་འཛིན་གཞོན་པ་དགེ་ལེགས་ཚོགས་འདུར་ཞུགས་པ་རེད།

ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་ཀྲའོ་པོ་ཡིས་གསུང་བཤད་གནང་ཞིང་། ཁོང་གིས་དཀར་མཛེས་ཁུལ་ནི་དམར་དམག་རྒྱང་སྐྱོད་ཡུན་རིང་ཤོས་དང་། བྱེད་སྒོ་སྤེལ་རྒྱ་ཆེ་ཤོས། དམག་སྐྱོད་ལམ་ཐག་རིང་ཤོས་བཅས་ཀྱི་ས་ཁོངས་གཙོ་བོ་ཞིག་ཡིན་པ་དང་། ལྕགས་ཟམ་ཟམ་པ་མྱུར་འཕྲོག་དང་དཀར་མཛེས་དམག་དཔུང་མཉམ་འཛོམས། སུའུ་ཝེར་ཨེར་བོད་པའི་སྲིད་གཞུང་འཛུགས་པ་སོགས་རྣ་བར་འཇགས་ཤིང་ངག་ལ་བྱང་བའི་ལོ་རྒྱུས་ཀྱི་བྱས་རྗེས་གལ་ཆེན་བཞག་ཡོད།( པར་ངོས་གཉིས་པར་གཟིགས།)