国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཉག་ཆུ་དང་ལི་ཐང་། འདབ་པ་རྫོང་དུ་ རྟོག་ཞིབ་གནང་སྐབས།

ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་སྒྱུར་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཡོད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་སུ་བསྐྲུན་ དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ6པའི་ཚེས23ནས་ཚེས24ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཉག་ཆུ་རྫོང་དང་ལི་ཐང་རྫོང་། འདབ་པ་རྫོང་དུ་རྟོག་ཞིབ་ལ་ཕེབས་ཤིང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སྒྲོག་འགྲེལ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་འགན་ཨང་དང་པོ་ཁོང་དུ་བརྟན་པོར་ཆུད་ཅིང་། ཡུལ་སྡེ་དར་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་དང་། ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་སྒྱུར་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཡོད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་སུ་སྐྲུན་པ་དང་། ཐོན་ལས་དར་ཞིང་རྒྱས་པ་དང་སྐྱེ་ཁམས་མཛེས་པོ། བཅོས་སྐྱོང་ལས་ཆོད་ཆེ་བ།མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་གྱི་རི་མོ་གསར་པ་འབྲི་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

( པར་ངོས་གཉིས་པར་གཟིགས།)