国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

■ ཁུལ་ཨུ་དང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་རྒྱུད་རིམ་ལྡན་པའི་ངང་ཇུས་འགོད་གནད་སྨིན་བྱས་ཏེ་ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ཚད་ལྡན་ཅན་ལ་ཕྱོགས་ཡོངས་ནས་བསྐུལ་ཏེ་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་རྒྱས་དང་ཁྱོན་ཡོངས་ནས་ཉམས་སད་ཐེག་ཐུབ་པ་དང་། ས་ཁོངས་ཡོངས་སུ་རྩ་བ་སྟོབས་ཆེར་གཏོང་བ་དང་ཐབས་མང་མཉམ་དུ་སྤྱད་པ། ཁུལ་ཨུ་དང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྨང་གཞི་བརྟན་དུ་བཏང་ནས། ཆེད་དོན་བྱ་སྤྱོད་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། ཞན་ཆ་གནད་ལ་འཁེལ་བའི་སྒོ་ནས་གསབ་བཅོས་བྱ་དགོས་པ་དང་། ཏང་མི་དོ་དམ་ཚད་ལྡན་དུ་བཏང་ནས་དཔུང་ཁག་འཛུགས་སྐྱོང་གི་འགག་སྒོ་ནན་པོར་སྲུང་བ། འགན་འཁྲིའི་སྦྲེལ་ཐག་འཐུས་སྒོ་ཚང་དུ་བཏང་ནས་ས་ཁོངས་ཡོངས་སུ་ལྟ་སྐུལ་མཛུབ་ཁྲིད་མ་ལག་འཛུགས་པ་བྱ་རྒྱུ་རེད།།

■ ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་དང་། དམངས་འཚོའི་ཆུ་མཁོ་འདོན་འགན་སྲུང་། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་གཅིག་གྱུར་གྱིས་འཆར་འགོད་བྱེད་ཆེད། ཉེ་དུས་ཁུལ་ཆུ་བེད་ཅུས་ཀྱིས་ཆུ་བེད་གཙོ་གནད་ལས་དོན་ལ་དམིགས་ནས་ཤུགས་གནད་སྨིན་འདོན་པ་དང་ཐབས་མང་མཉམ་དུ་སྤྱད་དེ། འབབ་རྒྱུད་ཀྱི་ཆུ་སྤྱོད་དོ་དམ་ཚོད་འཛིན་དང་གྲོང་ཡུལ་གྱི་ཆུ་མཁོ་འདོན་འགན་སྲུང་། ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་སྲུང་སྐྱོང་བཅས་ཕྱོགས་གསུམ་ནས་ལས་དོན་ཁག་ལ་ཏན་ཏིག་བསྐུལ་ཏེ། ཁྱོན་ཡོངས་ནས་ཁོངས་གཏོགས་ཀྱི་ཆུའི་ཉེན་མེད་འགོག་སྲུང་ར་བ་བསྐྲུན་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་ཆུ་བེད་ཀྱི་འདེགས་སྐྱོར་བརྟན་པོ་བྱས་པ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)