国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།) ཁུལ་ཡོངས་ཀྱི་ཏང་མི་ལས་བྱེད་པ་རྒྱ་ཆེན་གྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས། གསར་རྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་རྗེའི་ཁྲག་རྒྱུན་རྒྱུན་མཐུད་བསྐྱངས་ཤིང་། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པའི་ཉམས་འགྱུར་ཐོག་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་དེ། རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་རྒྱུན་མཐུད་ངང་སྐྱོད་པའི་དུས་རབས་ཀྱི་གསལ་ཆ་རུ་བསྒྱུར་དགོས་པ་དང་། ལྷག་བསམ་རྣམ་དག་གིས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་། དད་སེམས་བརྟན་དུ་གཏོང་བ་དང་ཆབ་སྲིད་ལ་བློ་དཀར་ཤུགས་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་འགན་འཁྲི་འཁུར་བ་དང་ཐོག་མའི་བསམ་འདུན་ལག་ལེན་བསྟར་དགོས། སྒྲིག་ཁྲིམས་ནན་པོ་སྲུང་བ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་དང་། ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་ལས་དོན་ཁག་དོན་ལ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་ཤུགས་ཡོད་རྒུས་བསྐུལ་ནས་དངོས་སྒྲུབ་དང་འགན་འཁུར་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལེའུ་གསར་པ་མུ་མཐུད་བརྩམ་དགོས།

ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ཐད་མིག་དཔེ་བསྟན་ནས། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཏང་གཅེས་རྒྱལ་གཅེས་ཀྱི་ཁྲིད་སྟོན་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་དུས་སྐབས་ཀྱི་མི་རིགས་ཁག་གི་སེར་སྐྱ་ཕན་ཚུན་དབྱེ་བ་མི་འབྱེད་པ་དང་། དཀའ་གནད་མཉམ་སྒྲོལ་གྱི་མཐུན་སྒྲིལ་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སེར་སྐྱ་མང་ཚོགས་སེ་འབྲུ་བཞིན་མཐུན་སྒྲིལ་དམ་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དུས་ནམ་ཡང་བཞད་ཐུབ་པ་བྱ་དགོས། སྒྲིག་སྲོལ་ལ་བརྟེན་ནས་བྱ་སྤྱོད་དྲང་མོ་ཡོང་བ་དང་། སྣེ་ཁྲིད་དེ་ཁྲིམས་མཐུན་སྲུང་སྐྱོང་དང་ཁྲིམས་འགལ་བཀག་འགོག་བྱེད་ཅིང་། རང་ངོས་སློབ་གསོ་དང་རང་ངོས་དོ་དམ། རང་ངོས་རང་གཅུན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། རང་གཅུན་སྤྱོད་བཟང་ལ་བརྟེན་ནས་བསམ་སྤྱོད་བཟང་པོ་གསོ་སྐྱོང་དང་། ཁེ་འདོད་ཅན་གྱི་དར་སྲོལ་ངན་པའི་བསླད་སྐྱོན་རང་རྟོགས་ཀྱིས་བཀག་འགོག་བྱས་ཏེ། ཀུན་སྤྱོད་ཀྱི་བྱང་ཚད་དང་ཆོས་ལུགས་ཀྱི་བློ་སྦྱོང་། ཤེས་ཡོན་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་དཔེ་སྟོན་སྔར་ལས་ལེགས་པོ་བྱ་དགོས། དགེ་སྒྲུབ་འགྲོ་ཕན་ལ་བརྩོན་ཞིང་ཕྱོགས་གཅིག་ལ་བདེ་སྐྱིད་སྐྲུན་པ་སྒོམ་སྒྲུབ་ཀྱི་རྩ་བ་འཛིན་པ་དང་། ཏང་ཨུ་དང་སྲིད་གཞུང་གི་ལས་དོན་ལ་གཞོགས་འདེགས་བྱེད་པ། དད་ལྡན་མང་ཚོགས་རྒྱ་ཆེན་ལ་གོམས་སྲོལ་བསྒྱུར་བ་དང་རང་སྟོབས་རང་སྤེལ། ལས་བརྩོན་ཕྱུག་འབྱོར་བཅས་ཡོང་བར་ཁྲིད་སྟོན་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དྲང་ནུས་གཅིག་ཏུ་བསྒྲིལ་དགོས།།( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར།)