国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་སྒྱུར་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཡོད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་སུ་བསྐྲུན་དགོས།

( པར་ངོས་དང་པོར་མཐུད།)

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་འབྲེལ་ཡོད་རྟོག་ཞིབ་ནང་ཞུགས་ཡོད།

ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སྦྱོང་སྒྲོག་ལག་ལེན་མཐར་ཕྱིན་བསྟར་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ཀྲའོ་པོ་ཡིས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ནི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"འགོ་བཙུགས་པ་དང་། སྔ་མཐུད་ཕྱི་སྐྱོང་གིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། སི་ཁྲོན་གྱིས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་སུ་སྐུལ་བའི་འགན་འཁྲི་དང་ལས་འགན། སྤྱིའི་བླང་བྱ། དམིགས་འབེན་གཙོ་བོ། བྱ་ཐབས་གཙོ་བོ། རྩ་བའི་འགན་ལེན་བཅས་ཁ་གསལ་བཟོས་ནས་ང་ཚོས"ཞིང་གསུམ"ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་བར་ཁ་ཕྱོགས་དང་ཐབས་ལམ་གསལ་པོར་བསྟན་ཡོད། ཉག་ཆུ་དང་ལི་ཐང་། འདབ་པ་རྫོང་བཅས་ཀྱི་ཐོན་ཁུངས་ཐུན་མོང་མ་ཡིན་པ་དང་། ཞིང་འབྲོག་ལས་དེང་རབས་ཅན་དང་ཡུལ་སྡེ་དར་རྒྱས་ལ་སྐུལ་བར་རྨང་གཞི་བརྟན་པོ་ཡོད་པ་དང་། ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་པ། མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་བཅས་རེད། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། གྲོང་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་བ་སྤྱིའི་འཛིན་གཞིར་བྱས་ཏེ། ཚན་རྩལ་ཞིང་ལས་དང་སྦག་མེད་ཞིང་ལས། སྤུས་ཚད་ཞིང་ལས། གྲགས་རྟགས་ཞིང་ལས་བཅས་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་གཏོང་བ་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། ཁྱད་ཆོས་ཞིང་འབྲོག་བཅས"དོན་ཆེན་གསུམ"ལེགས་པར་སྒྲུབ་པ། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཐུན་མཛེས་གྲོང་སྡེ་འཛུགས་སྐྲུན་ལ་བསྐུལ་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྨོན་འཆང་བའི་དགོས་མཁོ་བསྐང་དགོས་ཞེས་གསུངས་པ་རེད།།

ཀྲའོ་པོ་སྔ་ཕྱིར་རྫོང་གསུམ་གྱི་ཞིང་ལས་དང་ཐོན་ལས་གླིང་ཁུལ། སྦག་མེད་ནུས་རྒྱུ་ཐོན་ལས། རིག་གནས་ཡུལ་སྐོར་ཐོན་ལས་གྱི་ཡུལ་དངོས་སུ་ཕེབས་ནས་ཁྲིད་སྟོན་གནང་བ་དང་འབྲེལ་གནོད་འགོག་གནོད་སེལ་གནོད་བསྙུང་ལས་དོན་ལ་བླང་བྱ་བཏོན་པ་རེད།།

( བདེ་སྐྱིད་དང་ཀུན་དགས་བསྒྱུར།)