国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་མོར་མགྱོགས་སུ་བསྐྲུན་དགོས།

( པར་ངོས་དང་པོར་མཐུད།) དུས་རབས་གསར་པའི་ཆུ་ཚད་སྔར་བས་མཐོ་བའི་སི་ཁྲོན་འབྲུ་མཛོད་འཛུགས་པར་ཐོན་འབོར་དང་ཐོན་ནུས། ཐོན་སྐྱེད་ཁོར་ཡུག། ཐོན་འབབ་འཕར་བ་བཅས་མཉམ་དུ་དམ་འཛིན་བྱ་དགོས་ཤིང་། རྨོ་ཞིང་སྲུང་ཤུགས་ཆེ་རུ་གཏོང་ཞིང་སྤུས་ཚད་མཐོར་འདེགས་པ། བཟའ་འབྲུ་བཟའ་སྣུམ་གྱི་ཕྱོགས་འདུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་བ། བཟའ་བཅའ་སྣ་མང་ཅན་གྱི་མཁོ་སྤྲོད་མ་ལག་འཛུགས་ཤུགས་ཆེ་རུ་གཏང་དགོས། དེ་དང་མཉམ་དུ་དེང་རབས་ཞིང་ལས་ཚོང་གཉེར་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཚོང་གཉེར་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་ཅིང་། བྱེད་སྟངས་སྣ་མང་འཕེལ་རྒྱས་བཏང་ནས་གཞི་ཁྱོན་རན་པའི་ཚོང་གཉེར་བྱེད་པ། ཞིང་ལས་སྤྱི་ཚོགས་ཅན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་མུ་མཐུད་དེ་ཆེ་རུ་གཏང་དགོས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་འཛིན་གཞིར་བྱེད་ཅིང་། ཞིང་ལས་ཐོན་རྫས་བཟོ་སྣོན་ཞིབ་ཚགས་ལ་ཤུགས་སྣོན་དང་དེ་འབྲེལ་ཁེ་ལས་དང་ཚོགས་པ་ཆེན་པོ་སྐྱེད་སྲིང་བྱ་དགོས། ཞིང་ལས་ཐོན་རྫས་བཟོ་སྣོན་གླིང་ཁུལ་གྱི་འཕེལ་རྒྱས་སྤུས་འབྲས་སྤར་བ་དང་ཐོན་ལས་འབྲེལ་ཐག་སྐྱེད་སྲིང་མགྱོགས་པོར་བྱ་དགོས། ཞིང་ལས་ཁྱད་ཆོས་ཐོན་ལས་དང་གྲགས་རྟགས་མ་ལག་ཇེ་ཡག་ཏུ་གཏོང་བ་དང་སི་ཁྲོན་རྟགས་ཅན་གྱི་ཁྱད་ཆོས་ཐོན་ལས་སྤེལ་ཤུགས་ཆེ་རུ་གཏང་དགོས། ཞིང་ལས་ཐོན་རྫས་གསར་སྤེལ་སྣ་མང་ཅན་དང་བེད་སྤྱོད་རིམ་མང་ཅན། རིན་འཕར་མཚམས་ཚིགས་མང་བར་བསྐུལ་ཏེ། ཞིང་ལས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས། ཞིང་ལས་ཚན་རྩལ་གྱི་མཐོ་ས་གཟུང་བ་དང་། ཞིང་ལས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་སྐྱེད་སྲིང་ལ་དམིགས་ནས་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་སི་ཁྲོན་དུ་འཛུགས་གང་ཐུབ་དང་། འགག་གནད་ལག་རྩལ་འགག་སྒྲོལ་དང་ཁྱབ་གདལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། རིག་ནུས་ཞིང་ལས་དར་རྒྱས་གཏོང་བ། ཞིང་ལས་འཕྲུལ་ཆས་ཅན་དེ་ཞིང་ལས་དེང་རབས་ཅན་གྱི་འཛིན་གཞི་གལ་ཆེན་དུ་བྱ་དགོས།།( སི་ཁྲོན་ཉིན་རེའི་ཚགས་པར་ལས་དྲངས་ཤིང་སྐལ་ཐུབ་ཀྱིས་བསྒྱུར།)