国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས“བདུན་གཅིག”ཏང་འཛུགས་དུས་ཆེན་འཆར་ཉེར་འཚམས་འདྲི་དང་ཆེད་དོན་ཏང་གི་སློབ་ཁྲིད་གནང་།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་ཉེར་ཡོད་པའི་སྐབས་ཏེ་སྤྱི་ཟླ6པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་དར་མདོ་གྲོང་ཁྱེར་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་རྟོག་ཞིབ་གནང་བ་དང་། ཏང་མི་རྒན་གྲས་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་མིར་འཚམས་འདྲི་གནང་ནས། གཞི་རིམ་ཏང་མིར་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པར་མ་ཟད། ཁུལ་ཨུའི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་གུང་ཁྲན་ཏང་མི་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།ཁོང་གིས་རྒྱ་ཆེ་བའི་གཞི་རིམ་ཏང་མིར་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བའི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་དེ། མི་དམངས་ལ་སྲིད་འགན་ལག་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་སྐྱོང་གི་བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ཤུགས་ཡོད་རྒུས་བརྩམ་དགོས་ཞེས་སྐུལ་ལྕག་གནང་བ་རེད།

ཀྲའོ་པོ་སྔོན་རྗེས་སུ་གཡག་རྭ་ཡུལ་ཤོག་ཝ་མང་གྲོང་སྡེའི་ཏང་མི་རྒན་གྲས་མོང་ཧྲུའེ་ཀྲེན་དང་མདོ་གྲོང་གྲོང་རྡལ་ཟུར་རི་ཕུག་སྤྱི་ཁུལ་གྱི་འཚོ་བར་དཀའ་ངལ་ཡོད་པའི་ཏང་མི་ཧྥང་ཧུའེ་ཡི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་ཞིང་།ཁོང་གིས་ཏང་མི་རྒན་གྲས་ཡོངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ། གུང་ཁྲན་ཏང་མིའི་ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱི་ཆབ་སྲིད་རང་གཤིས་ནམ་ཡང་རྒྱུན་འཁྱོངས་དང་། ཉམས་མྱོང་ཕུན་སུམ་ཚོགས་པ་དང་མང་ཚོགས་ཀྱིས་ཡིད་ཆེས་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། རང་འགུལ་ངང་ཐབས་འདོན་ཇུས་འདོན་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བློ་རིག་སྟོབས་ཤུགས་དང་བྱས་རྗེས་འབུལ་དགོས་ཞེས་རེ་བ་བཏོན་པ་རེད།ཁོང་གིས་ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་མི་རྒན་གྲས་དང་། དཀའ་ངལ་ཡོད་པའི་ཏང་མི་ལ་ཐུགས་ཁུར་དང་རོགས་སྐྱོར་ལས་ཀ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱ་དགོས། ( པར་ངོས་བཞི་པར་གཟིགས།)