སྤྱི་ཟླ6པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁྲེང་ཏུའུ་རུ་ཅིང་ཏུང་ཚོགས་པའི་སྤྱི་གཅོད་པ་གཞོན་པ། ལྷོ་ནུབ་སྡེ་ཁུལ་གྱི་སྤྱི་ཁྱབ་གཉེར་དཔོན་ཞུང་ཝུའེ་དང་སྤེལ་རེས་བཞུགས་མོལ་གནང་བ་རེད།
བཞུགས་མོལ་གནང་རིང་ཕྱོགས་གཉིས་པོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ཅིང་ཏུང་ཚོགས་པའི་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་དང་། མཐོ་སྒང་གི་ཁྱད་ཆོས་དང་འཚམ་པའི་དེང་རབས་ཅན་གྱི་ཟོག་འགྲེམས་མ་ལག་འཛུགས་པ་དང“གནས་མཆོག་དཀར་མཛེས”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྱབ་གདལ་གཏོང་བ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་ཐུན་མོང་གསོ་སྐྱོང་ལམ་སྲོལ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་གནང་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་བྱུང་བ་རེད།
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཅིན་ཐེན་ཆང་དང་ཅིང་ཏུང་ཚོགས་པའི་ཁྲོན་བོད་སྤྱི་ཁྱབ་མཐུན་སྦྱོར་པ་ལོན་ཧྲི་ཅེ། ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་སྤེལ་རེས་སུ་ཞུགས་ཡོད་པ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)
