国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱང་ཧུང་ཧྲོའུ་ཡིས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་ འཁོར་འབྲེལ་གཙོ་བོ་སྟོབས་ཆེན་གཏོང་བའི་ཚོགས་འདུར།

ཤུགས་གནད་སྨིན་བཏོན་ནས་ཐོན་ལས་འདེགས་སྐྱོར་བརྟན་དུ་བཏང་སྟེ་སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེན་གཏོང་བ་སླར་ཡང་སྐས་རིམ་ གསར་པར་བསླེབ་པར་བསྐུལ་དགོས་ཞེས་གསུངས།

སྤྱི་ཟླ6པའི་ཚེས25ཉིན། ཁུལ་ཡོངས་ཀྱི་སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེན་གཏང་རྒྱུར་སྐུལ་བའི་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་།“འགོ་ཁྲིད་ཀྱིས་སྣེ་ཁྲིད་དང་། ཆེད་དོན་ལས་སྒྲུབ་པས་སྐུལ་བ། ཁུལ་དང་རྫོང་མཉམ་འགུལ”བཅས་རྒྱུན་འཁྱོངས་ཏེ། བྱ་ཐབས་སྔར་བས་ཏན་ཏིག་ལ་བརྟེན་ནས་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་དགེ་མཚན་ཆེར་སྤེལ། འཕར་སྣོན་གྱི་སྒུལ་ནུས་སློང་བ་བཅས་བྱས་ཏེ། སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེན་ཤུགས་ཆེན་གཏོང་བ་དང་ཏན་ཏིག་ཡོང་བ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

དབྱང་ཧུང་ཧྲོའུ་ཡིས་བསྟན་དོན། གཙོ་གནད་ལ་དམིགས་ནས་ཤུགས་གནད་སྨིན་བཏོན་ཏེ་སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེན་གཏང་དགོས་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་དང་རིམ་སྤོར་བྱས་ཏེ། ས་ཁོངས་ཡོངས་སུ་གནད་དོན་གྱི་ཞན་ཆ་ཚགས་བཤེར་དང་བཅོས་སྒྲིག་བྱས་ནས་ཡུལ་སྐོར་གྲགས་རྟགས་སྐྲུན་པ་དང་རིམ་སྤོར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱ་དགོས། ནུས་རྒྱུ་གསར་པའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་སྐྲུན་བཞིན་པའི་ལས་གཞིར་མགྱོགས་མྱུར་སྐུལ་བ་དང་། གསོག་འཇོག་ལས་གཞི་དོན་འཁྱོལ་མགྱོགས་སུ་བཏང་སྟེ། གློག་དྲྭའི་འགག་གནད་ཤུགས་ཡོད་རྒུས་བསལ་དགོས། སྔོན་ཐོན་རྒྱུ་ཆ་དང་སྒུལ་ཤུགས་གློག་སྨན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་གཏེར་རྫས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་དགོས། ཆིང་ནུས་ཐོན་ལས་དཔེ་སྟོན་བེད་སྤྱོད་བྱ་རྒྱུ་དང་། ཆུ་རླུང་འོད་ཀྱི་ཐོན་ཁུངས་གསབ་རེས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་གང་ལེགས་སྤྱད་དེ་ཆིང་སྦག་མེད་ལམ་ལུགས་ཀྱི་གསོག་འདྲེན་དང་བེད་སྤྱོད་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་བཀོད་སྒྲིག་མགྱོགས་སུ་གཏང་དགོས། མཁའ་དམའ་དཔལ་འབྱོར་ཐོན་ལས་སྐྱེད་སྲིང་མགྱོགས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་མཁའ་དམའ་རུ་རིག་གནས་ཡུལ་སྐོར་དང་ཟོག་འགྲེམས། འཚུབ་བསྟུན་སོགས་ཚུད་པའི་བེད་སྤྱོད་བྱེད་སྟངས་རྒྱ་ཆེ་རུ་གཏང་དགོས། སྦག་མེད་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་འགག་སྒྲོལ་བྱས་ཏེ་ཆེད་དོན་རོགས་སྐྱོར་སྲིད་ཇུས་གང་མགྱོགས་འདོན་པ་དང་འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་བཟོས་ནས་སྦག་མེད་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་སྤེལ་དགོས། ཁྱད་ལྡན་ཞིང་འབྲོག་ལས་དང་ནོར་གནག་ཐོན་ལས་སྟོབས་ཆེར་བཏང་ནས་དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། རྒྱ་བོད་སྨན་ཐོན་ལས་བརྒྱུད་འཛིན་དང་འཕེལ་རྒྱས་བཏང་ནས་ས་གནས་ཀྱི་སྨན་རྫས་སྤུས་ལེགས་འདེབས་འཛུགས་རྟེན་གཞི་སྟོབས་ཆེར་བཏང་སྟེ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་བྱ་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར།)