སྤྱི་ཟླ6པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ནང་བཞག་ནས་ཁོ་ཚོར་སྔར་བས་བདེ་སྐྱིད་ལྡན་པ་དང་སྔར་བས་ལ་རྒྱ་ལྡན་པའི་འཚོ་བ་བསྐྲུན་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ཧུར་ཐག་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།
( པར་ངོས་གཉིས་པར་གཟིགས།)
