སྤྱི་ཟླ6པའི་ཚེས26ཉིན། དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པ་དར་མདོར་འཚོགས་ཤིང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ད་ལྟ་ཁོངས་མི47ཡོད་པ་དང་། ད་ཐེངས་ཚོགས་འདུར་ཞུགས་མཁན37ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།
ཚོགས་འདུར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་སྙིང་དོན་གཅིག་བསྡུས་ཐོག་སློབ་སྦྱོང་དང་། ཁུལ་མི་དམངས་སྲིད་གཞུང་གི2025ལོ་འཁོར་གྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་སེང་དང་། 2025ལོ་འཁོར་གྱི་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་སེང་། ལིས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གནས་ཚུལ་སྐོར་གྱི་སྙན་སེང་།2025ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་འགྲུབ་བྱུང་ཚུལ་སྐོར་གྱི་སྙན་སེང་། 《ཁུལ་ཡོངས་ཀྱི་གནམ་གཤིས་ལས་དོན་གནས་ཚུལ་སྙན་སེང་གི་གྲོས་ཞིབ་བསམ་འཆར》སྒྲུབ་གཉེར་དོན་ལ་འཁྱོལ་ཚུལ་སྐོར་གྱི་སྙན་སེང་དང་།《ཁུལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལས་དོན་སྙན་སེང་གི་གྲོས་ཞིབ་བསམ་འཆར》གཉེར་སྒྲུབ་དོན་ལ་འཁྱོལ་ཚུལ་སྐོར་གྱི་སྙན་སེང་སོགས་སྙན་སེང་ཁག་དྲུག་ལ་ཉན་འཇོག་བྱས་ནས་གྲོས་འཆམ་བྱུང་བ་དང་། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་རྩྭ་མེ་ཟོན་མེ་གསོད་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》དང《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》བསུབ་རྒྱུའི་སྐོར་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་རྩྭ་མེ་ཟོན་མེ་གསོད་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》དང《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག)བསུབ་རྒྱུའི་སྐོར་གྱི་ཆོད་དོན(འཆར་ཟིན)》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུར་ད་དུང་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་སེང་དང་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་གྲོས་གཞིར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། བསྐོ་གཞག་བྱ་ཡུལ་མི་སྣར་བསྐོ་གཞག་ཡི་གེ་སྤྲད་པ་དང་འབྲེལ་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)
