ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དུ་མི་སྟོང་གི་སྐོར་བྲོ་བཤམ་འཁྲབ་གཟབ་རྒྱས་ཤིག་སྤེལ་བ་རེད། བྱེད་སྒོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་འཐུས་ཚབ་ཚོགས་པས་འཁྲབ་སྟོན་དང་བྲོ་པ1105ཡིས་ནག་ཆུ་སྐོར་བྲོ་མཉམ་དུ་འཁྲབ་པའི་རིམ་པ་གཉིས་བགོས་ཡོད་ཅིང་། དེའི་ནང་ཆེད་ལས་སྒྱུ་རྩལ་ཚོགས་པའི་ཁོངས་མི་དང་དམངས་ཁྲོད་སྐོར་བྲོ་རུ་ཁག་གི་རུ་མི། སྐོར་བྲོ་ལ་དགའ་མཁན་སོགས་ཞུགས་ཡོད་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)
