( པར་ངོས་དང་པོར་མཐུད།)
ཞིང་སྡེ་ནི་ཞིང་ལས་ཐོན་སྐྱེད་ཀྱི་བར་ཁོངས་གཞི་སྟེགས་ཡིན་ཞིང་ཞིང་པ་རྒྱ་ཆེན་གྱི་ཁྱིམ་གཞིས་ཕ་ས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་གཞི་གཅིག་ཏུ་བསྐུལ་ཏེ། ཞིང་སྡེའི་ཕྱི་ནང་གཉིས་ཀ་ཇེ་ཡག་ཏུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཐུན་མཛེས་ཡུལ་སྡེ་འཛུགས་པ་ནན་གསུང་གནང་ཡོད། ཉེ་བའི་ལོ་ཤས་རིང་ལ། སི་ཁྲོན་གྱིས་འབད་བརྩོན་བྱས་ནས་ཞིང་སྡེའི་རྣམ་པ་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་བྱུང་ཡོད། འོན་ཀྱང་ཞིང་ཆེན་ཡོངས་སུ་ད་དུང་མི་འབོར་བྱེ་བ་གཉིས་གསུམ་ཙམ་ཞིང་སྡེར་ཡོད་ཅིང་ཞིང་སྡེར་དེང་རབས་འཚོ་བའི་ཆ་རྐྱེན་ཧ་ལམ་ཚང་དུ་འཇུག་པའི་བླང་བྱ་དང་བསྡུར་ན། ཞིང་སྡེ་ཁ་ཤས་སུ་ད་དུང་ཧེ་བག་ཆེན་པོ་ཡོད་པ་རེད། དེས་ན་ང་ཚོས་བྱེད་ཐབས་གོ་ཆོད་པོ་སྤྱོད་ཅིང་ཤུགས་བསྒྲིམས་ནས་འགག་སྒྲོལ་དང་། མི་འདང་ས་དང་ཞན་ཆ་ཁ་གསབ། ཞིང་སྡེའི་དེང་རབས་འཚོ་བའི་ཕྱིའི་སྒྲིག་ཆས་དང་ནང་གི་ཆ་རྐྱེན་གྱི་རིམ་པ་སྤར་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་སྐུལ་བར་སྒུལ་ནུས་གསར་པ་སྤྲད་དགོས།
ཞིང་སྡེར་དེང་རབས་འཚོ་བའི་ཆ་རྐྱེན་ཧ་ལམ་ཚང་དུ་འཇུག་པ་ནི་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་ལ། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཡང་ཡིན། གནས་འཕྲོད་ལས་འཚམ་དང་མཐུན་མཛེས་ཡུལ་སྡེ་ཧུར་ཐག་འཛུགས་པ་དང་། ཞིང་སྡེའི་དེང་རབས་འཚོ་བའི་ཆ་རྐྱེན་མི་འདང་ས་ཁ་གསབ་ཀྱི་འདུ་འགོད་ལག་ལེན་བསྟར་བ་དང་། མི་སྡོད་ཁོར་ཡུག་བག་ཕེབས་པོ་དང་རྨང་གཞི་སྒྲིག་ཆས་འཐུས་ཚང་བ། སྤྱི་པའི་ཞབས་ཞུ་སྟབས་བདེ་བ། ཞིང་རའི་ཡུལ་ལྗོངས་མཛེས་ཤིང་སྡུག་པ་བཅས་ཀྱི་དེང་རབས་ཞིང་སྡེ་བསྐྲུན་དགོས། འཚོ་བའི་བར་ཁོངས་སྤུས་ལེགས་འཛུགས་པ་དང་། ཡུལ་སྡེའི་བྱེད་ནུས་དང་བར་ཁོངས་བཀོད་བབ་ཇེ་ལེགས་སུ་གཏོང་ཞིང་། ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་རིམ་སྤོར་མུ་མཐུད་དེ་བྱེད་ཅིང་། ཡུལ་སྡེའི་རྣམ་པ་ཡོངས་རྫོགས་ཇེ་ཡག་ཏུ་གཏང་དགོས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སྡེའི་ལམ་དྲྭའི་ཤར་བགྲོད་སྤུས་ཀ་ཇེ་ལེགས་སུ་གཏོང་ཞིང་། ཞིང་སྡེའི་འཐུང་ཆུ་གཙང་མ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་ནུས་ཁུངས་མཁོ་སྤྲོད་ཇེ་ཡག་ཏུ་གཏོང་བ། ཨང་ཀིའི་ཡུལ་སྡེ་འཛུགས་ཤུགས་ཆེ་རུ་གཏང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་སྤུས་ཚད་དང་རྗེས་ཟིན་རང་བཞིན་ཆེ་རུ་གཏོང་བ། ཞིང་སྡེའི་སློབ་གསོ་ཇེ་ཡག་དང་རིམ་པ་སྤར་བ། སྐྱོན་བྲལ་ཡུལ་སྡེ་འཛུགས་ཤུགས་ཆེ་རུ་གཏོང་བ། རྒན་རྒོན་དང་བྱིས་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་ཞིང་། ཞིང་སྡེའི་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་གཏང་དགོས། ཡུལ་སྡེའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཆུ་ཚད་མཐོར་འདེགས་པ་དང་། ཞིང་ལས་དང་ཞིང་སྡེའི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཁྱོན་ཡོངས་ནས་སྦག་མེད་གཤོ་སྒྱུར་ཡོང་བར་བསྐུལ་དགོས།
ཞིང་གསུམ་ལས་དོན་ཡག་པོར་བསྒྲུབ་པར་ཚན་མཐུན་ལུགས་མཐུན་གྱི་ཐབས་ཤེས་སྤྱད་རྒྱུ་གལ་ཤིན་ཏུ་ཆེ། ལས་ཀའི་ཁྲོད་དུ། དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་པ། མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པ། མང་ཚོགས་ཀྱི་འཚོ་བའི་ནང་གི་དཀའ་གནད་ཐག་གཅོད་པ། ལོ་ནས་ལོ་མཐུད་དེ་འབད་པ་བྱས་ཏེ། ཞིང་པར་འཕོ་འགྱུར་མིག་མཐོང་ལག་ཟིན་ཡོང་བ་དང་། ཞིང་པའི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།།
( སི་ཁྲོན་ཉིན་རེའི་ཚགས་པར་ལས་དྲངས་ཤིང་སྐལ་ཐུབ་ཀྱིས་བསྒྱུར།)
