སྤྱི་ཟླ6པའི་ཚེས30ཉིན། ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་། གསར་བརྗེའི་གཞི་རྒྱུ་བརྒྱུད་འཛིན་དང་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དེ་སྐྱོང་བ་དང་དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་ཕོད་པ་བྱས་ཤིང་། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པས་སྣེ་ཁྲིད་དེ་དཀར་མཛེས་ཁུལ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་ཐུབ་པ་བརྩོན་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལུའོ་ལིན་བཅས་སློབ་སྦྱོང་ལ་ཞུགས་པ་རེད།
ཚོགས་འདུར་བསྟན་དོན། དཀར་མཛེས་ཁུལ་ནི་དམར་དམག་རྒྱང་སྐྱོད་ཡུན་རིང་ཤོས་དང་བྱེད་སྒོ་སྤེལ་རྒྱ་ཆེ་ཤོས། དམག་སྐྱོད་ལམ་ཐག་རིང་ཤོས་བཅས་ཀྱི་ས་ཁོངས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་གསར་བརྗེའི་རྗེས་ཤུལ་མང་པོ་ཡོད་པ་དང་། ང་ཚོའི་ཏང་གི་ལོ་ངོ105ཡི་ལོ་རྒྱུས་ནང་ནམ་ཡང་འགྱུར་བ་མེད་པའི་གསར་བརྗེའི་རྡོ་རིང་བསྐྲུན་ཡོད། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་ཆེན་བརྒྱུད་འཛིན་དང་དར་སྤེལ་ཡག་པོ་གཏང་རྒྱུ་ནི་དཀར་མཛེས་ཁུལ་གྱི་གསར་བརྗེའི་ས་གཞི་ཡིས་ངེས་པར་དུ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་འཁུར་དགོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་པ་རེད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླིང་ཡོང་བར་སྲུང་སྐྱོང་སོགས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་ཐོག་མཐའ་བར་གསུམ་དུ་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་ཏེ། རང་རྟོགས་ངང་རྒྱང་སྐྱོད་སྙིང་སྟོབས་དང་དཀའ་སྤྱད་འབད་འཐབ་ཀྱི་རང་གཤིས་དེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ་དང་འབྲེལ་མཐུད་བྱས་ནས། མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག།(པར་ངོས་བཞི་པར་གཟིགས།)
