国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་དཀར་མཛེས་ཁུལ་གྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་ གཟེངས་བསྟོད་ཚོགས་ཆེན་དུ།

བློ་དཀར་གྱི་བླ་སྲོག་སྐྱོང་བ་དང་འགག་སྒྲོལ་གྱི་ནུས་པ་ཞུན་བརྡར། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། མཁས་པའི་རྗེས་སྙེག་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་ཁྱོན་ཡོངས་ནས་སྐྲུན་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས།

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་དང་བསྟུན་ནས། སྤྱི་ཟླ6པའི་ཚེས29ཉིན། དཀར་མཛེས་ཁུལ་གྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། བློ་དཀར་གྱི་བླ་སྲོག་སྐྱོང་བ་དང་འགག་སྒྲོལ་གྱི་ནུས་པ་ཞུན་བརྡར། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། མཁས་པའི་རྗེས་སྙེག་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་ཁྱོན་ཡོངས་ནས་སྐྲུན་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལུའོ་ལིན་བཅས་ཚོགས་འདུར་ཞུགས་པ་རེད།

ཕྱི་དྲོའི་ཆུ་ཚོད3པར་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་འཛུགས་པ་རེད། ལུའོ་ལིན་གྱིས《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་གུང་ཁྲན་ཏང་མི་ཕུལ་བྱུང་དང་ཏང་དོན་ལས་དོན་པ་ཕུལ་བྱུང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་བྱས། ཀྲའོ་པོ་དང་དབྱང་ཧུང་ཧྲོའུ། ཧྲུའུ་ཏ་ཁྲུན། ལུའོ་ལིན་སོགས་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་གཟེངས་བསྟོད་འཐོབ་མཁན་འཐུས་མིར་བྱ་དགའ་སྤྲད་པ་དང་། གཟེངས་བསྟོད་ཐོབ་པའི་འཐུས་མི3གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

( པར་ངོས་བཞི་པར་གཟིགས།)