ལོ་བདུན་ཅུའི་སྔོན་གྱི་ཡན་ཨན་ས་དུང་དུ་མའོ་ཙེ་ཏུང་གིས་མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་དགོས་ཞེས་པས་ཧོང་ཡན་ཕའེ་ཡི་ལོ་རྒྱུས་དུས་འཁོར་འབྱུང་ཚད་ཀྱི་དྲི་བར་ལན་གནང་ཡོད། དུས་རབས་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལག་ལེན་གསར་པ་བརྒྱུད་དེ། རང་རེའི་ཏང་གིས་དྲིས་ལན་གཉིས་པ་བཏབ་པ་སྟེ། དེ་ནི་རང་ངོས་གསར་བརྗེ་རེད་ཅེས་པས་རྗེས་སྐྱོང་ལེ་ཚན་བཀོད་གནང་ཡོད། དྲིས་ལན་དེ་ནི་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་བླ་སྲོག་རེད།
ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ཟབ་ཅིང་རྒྱ་ཆེ་ལ་མ་ལག་ཚགས་དམ་ཞིང་། “རྒྱུན་འཁྱོང་དགོས་པ་བཅུ་བཞི”ཡིས་སྒྲོམ་གཞི་ཧྲིལ་པོའི་ཁོག་ཕུབ་ཡོད། “ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་གཤིས་ལུགས་ཆེས་ཆེ་བའི་ཁྱད་ཆོས་ཡིན”པ་ནས། “ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བ་རྒྱུན་འཁྱོངས་པ། ”“ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ། ”“རུལ་སུངས་མི་ཕོད་པ་དང་། མི་བྱེད་པ། མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་བ”ཡི་བར། དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་རྒྱུད་རིམ་ལྡན་ཞིང་ཆ་ཚང་བ་ཞིག་གྲུབ་ཡོད། དེའི་སྙིང་པོ་ནང་གི་ཡང་སྙིང་དུ་གྱུར་པའི་འདེགས་སྐྱོར་གཙོ་བོ་གསུམ་ལས་མ་འདས་པ་སྟེ།
དང་པོ། རང་ངོས་གསར་བརྗེ་ནི་བླ་སྲོག་ཡིན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཏང་གི་གཤིས་སྤྱོད་ཆེས་མངོན་གསལ་དོད་པོ་ཡིན་ལ་ཁྱད་ཡོན་ཆེས་ཆེ་བ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་རླབས་པོ་ཆེ་རུ་ཚད་དཔོག་གནང་བར་མ་ཟད། “དགོས་ངེས་དྲུག”གིས་རང་ངོས་གསར་བརྗེའི་རྩ་བའི་ཆབ་སྲིད་ཁ་ཕྱོགས་དང་བསམ་བློའི་དྲག་ཆས་བཟང་པོ། ཐབས་ལམ་གོ་ཆོད། འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ། ལས་བྱེད་པའི་དཔུང་སྡེ་ཞུན་བརྡར། ལམ་ལུགས་ཚད་གཞི་མ་ལག་བཅས་ལ་རྒྱས་བཤད་རྒྱུད་རིམ་ལྡན་པ་གནང་ཡོད།
(པར་ངོས་གཉིས་པར་གཟིགས།)
