སྤྱི་ཟླ7པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས88པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་། འབྲེལ་ཡོད་གྲོས་དོན་ལ་གྲོས་ཞིབ།ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར“ཞིང་གསུམ”
ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་ལ་ཏན་ཏིག་སྐུལ་བ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྟོབས་ཆེར་གཏང་དགོས་པ། “སྐྱེ་ལྡན་ཁུལ”འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེན་གཏང་རྒྱུ་དམ་འཛིན་བྱས་ཏེ། ཁྱད་ལྡན་ཞིང་འབྲོག་ཐོན་ལས་གཏིང་ཟབ་ཏུ་གཏོང་བ་དང་སྣེ་འདྲེན་ཁེ་ལས་དང་།ཁུ་ཚུར་ཐོན་རྫས།གྲགས་ཅན་སྤུས་རྟགས་བཅས་སྐྱེད་སྲིང་གང་མགྱོགས་བྱས་ནས་ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་རྩེར་སོན་ཅན་དུ་འཕེལ་རྒྱས་འགྲོ་བར་བསྐུལ་དགོས། མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་ལ་བསྐུལ་དགོས།“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་དེ། ཡུལ་སྡེ་མཉམ་འདྲེས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་བ་དང་ཡུལ་སྡེ་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་མཐུད་ངང་ཆུང་དུ་གཏང་དགོས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏང་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་དང་རོགས་སྐྱོར་མ་དངུལ་གནད་འཁེལ་སྒོས་དོན་ལ་འཁྱོལ་ཏེ། གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་སྣ་མང་ཕུགས་ཕན་གྱི་འབབ་འཕར་ལམ་སྲོལ་འཛུགས་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་འདུར། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན།ཧྲུའུ་ཅི་ཝང་ཞའོ་ཧུའེ་རང་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པའི་བླང་བྱ་བཅས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་།བརྟན་བརླིང་དང་འཕེལ་རྒྱས།སྐྱེ་ཁམས།དམངས་འཚོ་སོགས་ཀྱི་གཙོ་གནད་ལས་དོན་གཅིག་གྱུར་གྱིས་དམ་འཛིན་ལེགས་པོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་མཛུབ་སྟོན་བླང་བྱ་དེ་ལས་དོན་ལ་སྐུལ་བའི་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བ་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་མང་ཙམ་འབུལ་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)
