国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་གིས་མི་དང་ཚན་རྩལ་ཟུང་འབྲེལ་གྱིས་གནོད་འཚེ་ཕྱོགས་བསྡུས་སྲུང་ཡོལ་བརྟན་པོ་བསྐྲུན།

ད་ལོ་ནས་བཟུང་། སེར་ཤུལ་རྫོང་གིས་མཐིལ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཏེ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ་རྩིས་ཐོ་བཟོས་བ་དང་། སྔོན་ནས་ཉེན་བརྡ་བཏང་སྟེ་ལས་སྟེགས་བཙུགས་པ། རྨང་གཞི་བརྟན་པོར་བཏང་ནས་འགན་ལེན་དམ་སྲུང་བཅས་ཀྱི་བྱ་ཐབས་སྣ་མང་ལ་བརྟེན་ནས་གནོད་འཚེ་ཕྱོགས་བསྡུས་འགོག་སྲུང་ལས་དོན་ཏན་ཏིག་དང་།ཕྱོགས་ཡོངས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་སྲུང་སྐྱོང་བྱས།

སེར་ཤུལ་རྫོང་གིས་ཞོད་ཐན་དང་ས་གཤིས་གནོད་འཚེ་ཐོན་མང་བའི་ས་ཁུལ་ལ་དམིགས་ཏེ་ཉེན་ཁ་ཆེ་བའི་ཆུ་མཛོད་དང་ཆུ་ལམ་དུམ་མཚམས79ལ་ཞིབ་བཤེར་བྱས་པ་དང་། “གནས་གཅིག་ལ་ཐབས་ཇུས་གཅིག”ཅན་གྱི་རྩིས་ཐོ་བཟོས་ནས་རིམ་པ་བགོས་ཏེ་འགན་འཁུར་བ་གཏན་འཁེལ་བྱས་པ། དེ་དང་ཆབས་ཅིག་ཏུ་ཤེས་ནུས་ཆར་ཆུ་འཇལ་ཚད་དང་ས་གཤིས་ལྟ་ཞིབ་ཚད་ལེན་སྒྲིག་ཆས16བཀོད་སྒྲིག་བྱས་པ། རྫོང་དང་ཡུལ་ཤོག་གྲོང་སྡེ་བཅས་རིམ་པ་གསུམ་གྱི“འབྲེལ་བརྡ”ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། འཕྲིན་ཕྲན་ཚོགས་པ་དང་རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་དེ་དུས་ཐོག་ཏུ་ཉེན་ཁ་སྔོན་བརྡ་བཏང་བ། ད་ལོར་འཚུབ་བསྟུན་གྲབས་སྦྱོང་ཐེངས22སྤེལ་བ་དང་མི1200ལྷག་གྲབས་སྦྱོང་ནང་ཞུགས་ཡོད།

རྫོང་དེས་ད་དུང་མ་དངུལ་བཏང་ནས་ཉེན་ཁ་ཆེ་བའི་ཆུ་མཛོད་སྲ་བརྟན་དང་ཆུ་ལམ་གཙང་སེལ་བྱས་ཏེ་ཆུ་རགས་སྤྱི་ལེ4.7ཇེ་བརྟན་དུ་བཏང་བ་དང་། གྲོང་ཚོ་རིམ་པའི་འཚུབ་བསྟུན་ཡན་ལག་རུ་ཁག18བཙུགས་པ།འགྱིག་ཁུག་དང་ཆུ་འཐེན་སྒྲིག་ཆས་སོགས་དངོས་ཟོག1200ལྷག་གྲབས་གསོག་བྱས་ཏེ་ཆུ་ཚོད24རིང་ལས་རེས་ལམ་ལུགས་ལག་བསྟར་བྱས་ནས་མང་ཚོགས་ཉེན་མེད་སྲུང་སྐྱོང་བྱས་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)