( པར་ངོས་དང་པོར་མཐུད།)
གཏན་འབེབས་དོན་ཚན་བརྒྱད་ཀྱིས་འགོ་འཛུགས་པའི་གནད་བརྟོལ་བ་ནས་རུལ་སུངས་འགོག་པ་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་ཅིང་ཁྱོན་ཡོངས་ནས་སྲ་བརྟན་བྱུང་བ་དང་། དེ་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་ཚང་དུ་ཕྱིན་པ་བཅས་ཀྱི་བར། བྱེད་ཐབས་ལྷན་དུ་སྦྱར་ནས་རྒྱལ་ཁབ་དར་རྒྱས་མགྱོགས་ལ་ཉམས་རྒུད་ཀྱང་མྱུར་བའི་ལས་དབང་ལས་ཐར་ཡོད་པས། དྲིས་ལན་གཉིས་པའི་རྩ་བ་བརྟན་པོར་ཚུགས་ཡོད།
གཉིས་པ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བ་ནི་བྱེད་ཕྱོགས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་སྲོག་ཤིང་ནི་ཏང་གི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ཞིང་། རྨང་གཞི་ནི་ཁྱོན་ཡོངས་ལ་ཐུག་ཅིང་། གནད་འགག་ནི་ནན་པོ་ལ་ཟུག་པ་དང་། གཙོ་གནད་ནི་སྐྱོང་བ་ལ་རག་ལས་ཡོད་ཅེས་གསལ་པོར་གསུངས་ཡོད། སྲོག་ཤིང་ཞེས་པས་ཏང་གི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་དུས་རབས་གསར་པའི་ཏང་སྐྱོང་གི་སྤྱིའི་བླང་བྱའི་གཙོ་དོན་ལ་དམིགས་ཡོད། ཁྱོན་ཡོངས་ཞེས་པ་ནི་ཏང་ཡོངས་དོ་དམ་དང་ཏང་ཡོངས་ནན་པོས་སྐྱོང་བ་ཡིན་ཞིང་། ཁྱབ་ཁོངས་ཁག་དང་ཕྱོགས་ཁག། སྡེ་ཚན་ཁག་ལ་ཁེབས་ཡོད། ནན་པོ་ཞེས་པ་ནི་དོ་དམ་དང་ནན་པོ་ངོ་མ་དང་། དོ་དམ་དང་ནན་པོ་བྱེད་ཕོད་པ། ཡུན་རིང་པོར་དོ་དམ་དང་ནན་པོ་བྱེད་པ་ཡིན་ཞིང་། ནན་པོའི་བསམ་གཞི་ཡུན་རིང་པོར་རྒྱུན་འཁྱོང་བྱ་དགོས། སྐྱོང་བ་ཞེས་པ་ནི་རྒྱུད་རིམ་ལྡན་པའི་འདུ་ཤེས་སྐུལ་བ་དང་འགན་འཁྲི་དོན་འཁྱོལ་ལ་འདེད་པ་ཡིན་ཞིང་། གནད་དོན་རྙེད་པ་ནས་བཅོས་སྐྱོང་ལ་སྐུལ་བའི་བར་གྱི་འབྲེལ་ཐག་ཧྲིལ་པོ་ཆགས་པ་བྱ་དགོས། འདི་དག་ནི་དོན་སྙིང་ནི་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་བྱང་ཆུབ་པ་ཤེས་མིན་གྱི་གནད་བརྒྱའི་ལྡེ་མིག་ལྟ་བུ་ཡིན།
གསུམ་པ། ཆབ་སྲིད་འཛུགས་སྐྱོང་ནི་སྤྱི་འདོམས་ཡིན། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བ་ཆབ་སྲིད་ཐད་ནས་བལྟས་ན། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་དང“སྲུང་སྐྱོང་གཉིས”བྱེད་ཐུབ་པ་ནི་ཆབ་སྲིད་ཀྱི་སྒྲིག་ལམ་ཡིན་ལ། ཏང་ལ་བློ་དཀར་བའི་གསེར་གྱི་བརྟག་བཤེར་ཡོ་བྱད་གནད་ཐིག་པོ་ཡིན། ཆབ་སྲིད་ཀྱི་བརྡ་གཅོད་ནུས་པ་དང་གོ་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་ཆེ་རུ་གཏང་ཐུབ་ན། ད་གཟོད་ཏང་ཀྲུང་དབྱང་དང་སེམས་མཐུན་ཕྱོགས་མཐུན་ཡོང་ཐུབ།
ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ཡོང་བར་སྣེ་ཁྲིད་པ་ནི་ཞི་ཅིན་ཕིང་ཏང་འཛུགས་དགོངས་པའི་མཐར་ཐུག་གི་དོན་ལ་གནས་ས་ཡིན་ཞིང་། སྲིད་འཛིན་ཉམས་སད་དང་དཀའ་བསལ་ཧུར་སྐྱོད་ཀྱི་ལམ་བུར་ལོ་བརྒྱའི་ཏང་སྲིད་ཆེན་པོའི་རང་རྟོགས་ཆེས་ཟབ་མོ་ཡང་ཡིན་པ་རེད།
“ས་དུང་གླེང་མོལ”གྱི་དྲིས་ལན་དང་པོ་ནས་དྲིས་ལན་གཉིས་པའི་བར་དང་། “མི་དམངས་ཀྱི་ལྟ་སྐུལ”ནས“རང་ངོས་གསར་བརྗེ”ཡི་བར། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་འཛིན་ཆོས་ཉིད་ཁོང་དུ་ཆུད་པར་དགོངས་པ་འདིའི་ཁྲོད་དུ་དུས་རབས་ཀྱི་འཕར་ལྡེག་ཐེངས་གཅིག་བྱུང་ཡོད། སྦྱངས་ནས་བྱང་ཆུབ་རྗེས་བྱ་སྤྱོད་དངོས་ནས་ལག་ལེན་བསྟར་དགོས། ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་བྱེད་ཐབས་ལྷན་སྦྱར་དོན་ཐོག་དངོས་སུ་འཁྱོལ་བ་ཡིན་ན། ཀྲུང་གོ་ལུགས་དེང་རབས་ཅན་གྱི་སྟོབས་ཤུགས་ཆེན་པོ་གཞི་ནས་གཅིག་ཏུ་བསྒྲིལ་ཐུབ་བོ།།
( སྐལ་ཐུབ་ཀྱིས་བསྡུས་ནས་བྲིས།)
