གཅིག། ཁྱབ་ཁོངས་ཡོངས་ལ་གྲལ་བཤེར་བྱས་པ། “དྲྭ་རྒྱ་རྣམ་པའི་འབྱུང་ཁུངས་གྲལ་བཤེར”དང“ལས་སྟེགས་ཀྱི་འགན་འཁྲི་ནན་དུ་གཏོང་བ”སོགས་ཀྱི་བླང་བྱར་གཞིགས་ནས་ཕྱོགས་གསུམ་པའི་ལས་སྟེགས9དང་དྲྭ་ཐོག་བཟའ་བཏུང་གཉེར་སྐྱོང་བ2960ལ་ཡིག་ཚགས་བཟོས་ནས་མཛོད་འཇུག་བྱས་པ་རེད། “དྲྭ་ཐོག་ལྟ་འཇལ་དང་དྲྭ་ཕྱི་གྲལ་བཤེར”བྱེད་སྟངས་གསར་གཏོད་བྱས་ནས་རིམ་རྩིས་བྱས་ན་དུད་ཚང3276ལ་ཞིབ་བཤེར་བྱས་ཤིང་། གནད་དོན2384དག་ཐེར་བྱས་པ། གྱོད་གཞི147གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་།སྒྲིག་འགལ་ངང་དྲྭ་ཐོག་བཟའ་བཏུང་གཉེར་སྐྱོང་བྱེད་མཁན42ལ་སྒོ་བརྒྱབ་ནས་ཁྲིམས་འཛིན་བྱ་རྒྱུ།ཁྲིམས་འཛིན་ལས་ཁུངས་ལ་གནད་དོན་ཁུངས་སྣེ11རྩིས་སྤྲོད་བྱས་པ་དང་།ལྟ་སྐུལ་དོ་དམ་གྱི་ཟིལ་གནོན་ནུས་ལྡན་ཆགས་པར་བྱས་ཡོད།
གཉིས།འབེན་ཕྱོགས་བཅོས་སྒྲིག་བྱས་པ། མཐོ་སྒང་གི་དྲོད་ཚད་དམའ་བ་དང་རླུང་ཁ་ཆེ་བ། བཟའ་བཏུང་གཉེར་སྐྱོང་ཆུང་གྲས་མང་ཞིང་ཁྱབ་རྒྱ་ཆེ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། གཡག་ཤ་དང་ཤ་མོའི་ཟས་རིགས་དང་བོད་ཟས་ཚོང་ཁང་སོགས་ཁྱད་ལྡན་ལས་རིགས་ལ་དམིགས་ཏེ། ལས་སྟེགས་ཀྱི་འགན་འཁྲི་དང་། འབྱོར་ཐོབ་ཡོངས་བསྒྲགས། ཁྱབ་ཁོངས་ལས་བརྒལ་བའི་གཉེར་སྐྱོང་། དྲིལ་བསྒྲགས་རྫུན་མ་སོགས་འགག་རྩའི་ལྷུ་ཚིགས་ལ་ནན་པོར་དམིགས་ཏེ། དྲྭ་རྒྱའི་བཟའ་བཏུང་ལས་རིགས་ཀྱི་བཟའ་བཅའི་ཉེན་མེད་ཞིབ་བཤེར་ཕྱོགས་སྟོན་སོགས་ལས་ཀའི་མཛུབ་སྟོན་ཁག་གསུམ་བཟོས་ནས་བཀྲམ་པ་དང་། “དྲྭ་ཐོག་ལྟ་འཇལ་དང་དྲྭ་ཕྱི་ཞིབ་བཤེར།ཐག་གཅོད་ཆ་ཚང”བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། “དྲ་སྦྲེལ་དང་ཐབ་ཚང་ཕྱི་གསལ་ནང་གསལ”ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མིག་སྔར་ཆོག་འཐུས་གཉེར་སྐྱོང་བྱེད་པོ757དང་འབྲེལ་མཐུད་བྱས་པ་དང་།འབྲེལ་མཐུད་བྱེད་ཚད་བརྒྱ་ཆ68.3ལ་ཟིན་པ་རེད།
གསུམ།མཉམ་ལས་མཉམ་སྐྱོང་བྱས་པ། རིགས་དབྱེ་ནས་དྲྭ་རྒྱའི་བཟའ་བཏུང་གསོ་སྦྱོང་སྤེལ་ཐེངས23དང་མི1462ལ་གསོ་སྦྱོང་བྱས་པ་དང་། ཕྱིར་ཚོང་སྦྲག་སྐྱེལ་པ101“བཟའ་བཅའ་ཉེན་མེད་ལྟ་སྐུལ་པའི”འགན་འཁུར་བར་གདན་དྲངས་ནས་སོ་ལྟ་པའི་ནུས་པ་འདོན་སྤེལ་བྱས་ཏེ་སྣ་མང་ཐུན་མོང་བཅོས་སྐྱོང་གི་རྣམ་པ་བཏོད་ཡོད།
(ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།ནོར་བུས་བསྒྱུར།)
