( པར་ངོས་དང་པོར་མཐུད།)ཐབས་སྒྲུབ་ལ་མཁས་པ་བཅས་བྱས་ཏེ། ལས་དོན་ཁག་གི་ཁྲོད་དུ་འབད་བརྩོན་ངོ་མ་བྱེད་པ་དང་། འགན་འཁྲི་འཁུར་སེམས་བཅངས་ནས་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ལེའུ་དེ་དཀར་མཛེས་ཁུལ་ས་གཞི་ཆེན་པོར་དངོས་སུ་བྲི་དགོས།
ཚོགས་འདུར་བསྟན་དོན། རྒྱང་སྐྱོད་སྙིང་སྟོབས་རླབས་ཆེན་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ལས་དོན་ཁག་གི་སྤུས་ཚད་དང་། ཕན་འབྲས་ཆེ་རུ་གཏང་རྒྱུར་སྣེ་ཁྲིད་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ནུས་ཆེན་པོར་ཏན་ཏིག་བསྒྱུར་དགོས། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བའི་ཐད་ཡུན་རིང་འབད་འཐབ་བྱས་ཏེ། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏང་རྒྱུ་དེ་ཁུལ་ཡོངས་ཀྱི་ཏང་མི་ལས་བྱེད་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་ནས་གཞི་རིམ་དང་། མང་ཚོགས་ལ་ཁ་ཕྱོགས་པའི་དྲིལ་སྒྲོག་ཁྱབ་གདལ་ལས་དོན་གྱི་མ་ལག་འཛུགས་ཤིང་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་ཏང་མི་ལས་བྱེད་པར་རང་རྟོགས་ངང་དད་སེམས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་བསམ་བློའི་ཁ་ཕྱོགས་བརྟན་པོ་ཡོང་རྒྱུར་ཁྲིད་སྟོན་བྱ་དགོས། བྱ་གཞག་འཕེལ་རྒྱས་ལ་སྐུལ་བའི་ཐད་འགག་སྒྲོལ་དཀའ་སེལ་བྱས་ཏེ། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་དེ་ལས་དོན་གཙོ་བོ་ལ་བསྐུལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། བྱ་བ་རེ་རེ་བཞིན་དམ་འཛིན་དང་བྱ་བ་རེ་རེ་བཞིན་དོན་ལ་འཁྱོལ་བར་དམ་འཛིན་བྱས་ཏེ། དངོས་སྒྲུབ་གྲུབ་འབྲས་དངོས་ལ་བརྟེན་ནས་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བའི་ཕན་འབྲས་ཞིབ་བཤེར་བྱ་དགོས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་སྦྱོང་བརྡར་ཐད་ནན་པོ་དང་དྲང་པོ་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས“གངས་ལྗོངས་སྤྱོད་གཙང”བྱ་སྤྱོད་ལ་སྐུལ་བ་དང་། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་དག་ཐེར་མཐར་ཕྱིན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་རྒྱུན་ཆད་མེད་པར་དོན་ལ་འཁྱོལ་ནས་རུལ་སུངས་བྱེད་མི་ཕོད་པ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོར་བསྐྲུན་ནས་བྱ་གཞག་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱ་དགོས།
( བདེ་སྐྱིད་དང་བདེ་ཆེེན་གྱིས་བསྒྱུར།)
