国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་དར་མདོ་དང་རྟའུ་རུ་རྟོག་ཞིབ་གནང་སྐབས།

དོན་གཉེར་གྱི་སྤྱོད་ཚུལ་དང་བྱེད་ཐབས་གོ་ཆོད་ཀྱིས་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྟོབས་ཆེན་ དེ་བས་མང་བ་བྱས་རྗེས་སུ་འབུལ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ7པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དར་མདོ་གྲོང་ཁྱེར་དང་རྟའུ་རྫོང་དུ་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སྒྲོག་འགྲེལ་གནང་བ་དང་། དགོན་སྡེར་ཁྲིམས་ལྟར་དོ་དམ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་དང་ཆུ་ལོག་གནོད་སེལ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་དོན་ལ་འཁྱོལ་ཏེ། ལས་གཞི་འཛུགས་སྐྲུན་ལ་མགྱོགས་སུ་བསྐུལ་ནས་ཉེན་མེད་འཕེལ་རྒྱས་ཀྱི་མཐིལ་ཚད་བརྟན་པོ་སྲུང་བ་དང་། དགོན་སྡེར་ཁྲིམས་ལྟར་དོ་དམ་བཅས་བྱས་ཏེ། དེ་བས་དོན་གཉེར་གྱི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྟོབས་ཆེན་དེ་བས་མང་བ་བྱས་རྗེས་སུ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཀྲའོ་པོ་དར་མདོ་གྲོང་ཁྱེར་ལྕེ་ཐོག་ཏུ་ཡོད་པའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས། ལས་གཞི་དེའི་འབྲེལ་གཏུག་མགོ་ཁྲིད་ཡིན་པའི་ཆ་ནས་ཁོང་གིས་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། ཡུལ་དངོས་སུ་ཨར་ལས་ཀྱི་མྱུར་ཚད་དང་ལས་ཡུན་འཆར་འགོད། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་དོན་ལ་འཁྱོལ་བ་དང་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།ཁོང་གིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དེ་ས་ཁོངས་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ངེས་པར་དུ་ཉེན་མེད་མཐིལ་ཚད་ནན་པོ་བསྲུང་དགོས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་ཨར་ལས་ཚན་པས་ཉེན་མེད་ཨང་དང་པོར་འཇོག་པ་དང་སྔོན་འགོག་གཙོ་བོར་བྱེད་པའི་འདུ་ཤེས་བརྟན་པོ་བཅང་དགོས།( པར་ངོས་བཞི་པར་གཟིགས།)