སྤྱི་ཟླ7པའི་ཚེས4ནས7ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་རྫོང་དང་བྲག་མགོ་རྫོང་དུ་སྤྱི་ཚོགས་བཅོས་སྐྱོང་དང་དགོན་སྡེ་དོ་དམ། ཉེན་མེད་ཐོན་སྐྱེད། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་མ་ཟད། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་གསོ་སློབ་སྦྱོང་ཆེད་དོན་ཏང་གི་སློབ་ཁྲིད་གནང་བ་རེད། ཁོང་གིས་ཏང་འཛུགས་སྐྱོང་གི་བསམ་བློ་དང་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་ཁྲིད་སྟོན་དུ་བྱས་ནས་གསར་བརྗེའི་ཁྲག་རྒྱུན་བསྐྱངས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དཀར་མཛེས་ཁུལ་བྱང་རྒྱུད་ཁུལ་ཁོངས་ཀྱི་ལྟེ་གནས་ཟུར་པ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།
དབྱང་ཧུང་ཧྲོའུ་དཀར་མཛེས་རྫོང་གི་བེ་རི་དགོན་དང་དཀར་མཛེས་དགོན། སྟོང་སྐོར་དགོན་དང་།བྲག་མགོ་རྫོང་གི་ལྕོག་རི་དགོན་སོགས་སུ་ཕེབས་ཏེ་དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱ་བར་རྟོག་ཞིབ་གནང་སྟེ། དོ་དམ་དང་ཞབས་ཞུ་མཉམ་འཛིན་རྒྱུན་འཁྱོངས་ཏེ་ཆོས་ལུགས་ལས་ཀར་ཁྲིམས་ལྟར་དོ་དམ་བྱ་རྒྱུ་དང་། ( པར་ངོས་བཞི་པར་གཟིགས།)
