ཉེ་ཆར། 2026ལོའི་ཀྲུང་གོ་ཞིབ་སློབ་ཡུལ་སྐོར་དང་སློབ་གསོ་ཐོན་ལས་བཤམ་སྟོན་འདུ་ཚོགས་ཆིང་ཏའོ་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་འགོ་བཙུགས་པ་རེད། འགྲེམ་ཚོགས་སུ་རྒྱལ་ཡོངས་ཀྱི་ས་གནས་མང་པོའི་ཞིབ་སློབ་ལས་རིགས་སྟོབས་ཤུགས་མཉམ་དུ་འཛོམས་ནས་གྲུབ་འབྲས་མངོན་པ་དང་རྣམ་གྲངས་འོས་སྦྱོར། མཁོ་སྤྲོད་གྲོས་མོལ། གནད་སྨིན་སྦྲེལ་མཐུད་སོགས་ནང་དོན་སྣ་མང་འདུས་ཤིང་། དམིགས་ཡུལ་ནི་རིག་གནས་ཡུལ་སྐོར་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་གཏོང་བར་བསྐུལ་ཏེ། ས་ཁོངས་ཡོངས་ཀྱི་ཞིབ་སློབ་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་རིམ་སྤར་ལ་རམ་འདེགས་བྱ་རྒྱུ་དེ་རེད།།
